ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སོ་སོར་དབྱི་ལང་གི་ཙུང་ཐུང་དང་ཧ་སག་སི་ཐན་གྱི་ཙུང་ཐུང་། རྒྱ་གར་གྱི་ཙུང་ལི། ཕ་ཁི་སི་ཐན་གྱི་ཙུང་ལི་བཅས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་ཚེས་བཅུ་གསུམ་ཉིན་པིས་ཧྲི་ཁའེ་ཁི་ནས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་རྒྱ་གར་གྱི་ཙུང་ལི་མོ་ཏེ། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧན་བཅས་ལ་མཇལ་འཕྲད་གནང་བ་དང་། ཚེས་བཅུ་བཞི་ཉིན་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ལ་མཇལ་འཕྲད་གནང་།

ལུའུ་ཧ་ཉི་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སྐབས་སུ། ང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཀྲུང་གོ་དང་དབྱི་ལང་གི་འབྲེལ་བ་དང་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཐུན་མོང་གི་ལྟ་བ་བྱུང་། ཀྲུང་གོས་ནམ་ཡང་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་སྣེ་ནས་ཀྲུང་གོ་དང་དབྱི་ལང་གི་འབྲེལ་བར་ལྟ་སྟངས་འཛིན་བཞིན་ཡོད་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཀྲུང་གོས་དབྱི་ལང་དང་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་དབྱི་ལང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་དབྱི་ལང་གཉིས་ཀྱིས་འཐབ་ཇུས་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་སྟེང་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་སྤེལ་དགོས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་རྒྱལ་མཚམས་བརྒལ་ནས་ནག་ཉེས་བཟོ་བར་རྡུང་རྡེག་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་ཐུའུ་ཅུའེ་སི་ཐན་ཤར་མའི་དབྱི་སི་ལན་ལས་འགུལ་དང་བཅས་པའི་སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་ནན་མོ་བྱེད་དགོས། ཀྲུང་གོས་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་ཀྱི་གྲོས་མཐུན་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པ་དང་། དབྱི་ལང་བར་གྱི་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། མཉམ་དུ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ། ཀྲུང་གོ་དང་དབྱི་ལང་ནང་དུ་འདུ་བའི་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཞི་ཅིན་ཕིང་གིས་ཐའོ་ཁ་ཡེ་ཧྥུའུ་ཡིས་ཧ་སག་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར་བར་རྟེན་འབྲེལ་ཞུས་པ་དང་། ཐའོ་ཁ་ཡེ་ཧྥུའུ་ཡིས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་བརྟན་ཞིང་རྒྱུན་རིང་། ཕྱོགས་གཉིས་བར་འབྲེལ་བ་བཙུགས་པའི་ལོ་ཉེར་བདུན་ནང་། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་སོང་བ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་སྐབས་རིམ་པའི་འགོ་ཁྲིད་མི་སྣས་སེམས་ཞིབ་མོས་སྲུང་སྐྱོབ་དང་སྐུལ་འདེད་བཏང་བའི་གྲུབ་འབྲས་ཡིན་པས། ང་ཚོས་སྔར་ལས་གཅེས་སྤྲས་བྱེད་དགོས། ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་རྨང་གཞི་བརྟན་ཞིང་ཁ་ཕྱོགས་གསལ་ལ། གོམ་སྟབས་ཧ་ཅང་བརྟན། ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དང་འོད་ཟེར་ལམ་བུའི་དཔལ་འབྱོར་སྲིད་ཇུས་གསར་བ་གཉིས་འབྲེལ་མཐུད་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་དང་རང་ས་ཁུལ་གྱི་མི་དམངས་ལ་ཁེ་ཕན་བསྐྲུན་དགོས། ཉོ་ཚོང་དང་དངུལ་གཏོང་སྟབས་བདེ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ཐོན་ནུས་དང་ཞིང་ལས། ལག་རྩལ་མཐོན་པོ། དངུལ་རྩ། འགྲིམ་འགྲུལ་དངོས་སྐྱེལ། ས་གནས་མཉམ་ལས་བཅས་ལ་ཤུགས་བསྣན་ནས། མཉམ་ལས་ཀྱི་འཕར་སྣོན་སྣེ་གྲངས་བསྐྲུན་དགོས། ཧུར་ཐག་གིས་དམངས་སེམས་མཉམ་འདྲེས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ན་གཞོན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་དགོས། ང་ཚོས་ཧ་སག་སི་ཐན་བར་གྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་ཨེ་ཤ་ཡ་ཕན་ཚུན་རོགས་རེས་དང་ཡིད་རྟོན་བྱེད་ཐབས་གྲོས་ཚོགས་ཀྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་བསྣན་ནས། ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།

རྒྱ་གར་གྱི་ཙུང་ལི་མོ་ཏེ་ལ་མཇལ་འཕྲད་གནང་སྐབས། ཞི་ཅིན་ཕིང་གིས་ཡང་བསྐྱར་མོ་ཏེ་ཡིས་བསྟུད་མར་རྒྱ་གར་གྱི་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་གཉིས་ནི་འཛམ་གླིང་སྟེང་གི་མི་གྲངས་དུང་ཕྱུར་བཅུ་རིམ་པའི་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་རིམ་གལ་ཆེན་དུ་གནས་ཡོད། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་མཉམ་ལས་ལ་ཤུགས་བསྣན་ན། ཕན་ཚུན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ཡ་གླིང་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། དར་རྒྱས་ཐད་སྟོབས་ཤུགས་འདོན་ཐུབ། ང་དང་སྐུ་ཞབས་ཙུང་ལི་གཉིས་ཀྱིས་ན་ནིང་ཝུའུ་ཧན་ནས་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དུས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྣེ་ཁྲིད་བྱས། ཀྲུང་གོས་རྒྱ་གར་དང་མཉམ་དུ་འབད་འཐབ་བྱས་ཏེ། ཀྲུང་གོ་དང་རྒྱ་གར་བར་གྱི་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་ངང་དམ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་སུ་བརྩི་བ་དང་ཕན་ཚུན་ལ་འཇིགས་སྐུལ་མི་བྱེད་པའི་གཞི་རྩའི་དབྱེ་འབྱེད་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་བར་གྱི་ཡིད་རྟོན་གཏིང་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་དོ་སྣང་བྱེད་པ། འགལ་རྩོད་ལ་ཐག་གཅོད་འོས་འཚམ་བྱས་ཏེ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དྲང་ཕྱོགས་ཀྱི་རྒྱུ་ནོར་དང་དྲང་ཕྱོགས་ཀྱི་ནུས་ཚད་དུ་འགྱུར་བར་བྱེད་དགོས། མཉམ་ལས་ཀྱི་ལམ་བུ་རྒྱ་སྐྱེད་པ་དང་། དངུལ་གཏོང་དང་ཐོན་ནུས། གནས་སྐོར་སོགས་ཕྱོགས་ཀྱི་མཉམ་ལས་སྤེལ་བ། ཐུན་མོང་ཁེ་ཕན་ཇེ་ཆེར་གཏོང་བ། མཉམ་དུ་ཁུལ་ཁོངས་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་སྟེ། མཉམ་ལས་ཀྱི་འཕེལ་རྒྱས་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། མཐའ་མཚམས་གནད་དོན་དང་ལྷག་པར་དུ་འཐུས་མིའི་ཐུག་འཕྲད་སོགས་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཡིད་རྟོན་བྱེད་ཐབས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་སྲུང་འཛིན་བྱེད་དགོས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཚོང་རའི་དཔལ་འབྱོར་ཕུང་བོའི་འཐུས་ཚབ་གལ་ཆེན་ཡིན་པའི་ཆ་ནས། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་མཉམ་དུ་རང་དབང་ཉོ་ཚོང་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་དབང་ཆར་སྲུང་སྐྱོབ་བྱེད་དགོས་ཟེར།

ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན.ཧན་ལ་མཇལ་འཕྲད་གནང་སྐབས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ཁྱོན་ཡོངས་ཀྱི་འབྲེལ་བ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཐུན་མོང་གི་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བརྗེ་རེས་གཏིང་ཟབ་བྱེད་པ་དང་། མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཐོན་ལས་ར་བའི་ཁུལ་དང་ཞིང་ལས། སྤྱི་ཚོགས་དམངས་ཚིས་སོགས་གཙོ་གནད་དུ་གསར་བར་བརྩིས་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་རྒྱ་སྐྱེད་དགོས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་རང་དབང་ཉོ་ཚོང་གྲོས་མཐུན་རིམ་སྤོར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་རྒྱ་སྐྱེད་དགོས། ཀྲུང་གོས་རང་ནུས་ཅི་ལྕོགས་ཀྱིས་ཕ་ཁི་སི་ཐན་ལ་རོགས་སྐྱོར་བྱེད་འདོད་ཡོད། ང་ཚོས་ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཕ་ཁི་སི་ཐན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པར་རོགས་བྱེད་འདོད་ཡོད། ཀྲུང་གོས་ཕ་ཁི་སི་ཐན་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།