ཀྲུང་གོ་བོད་ཀྱི་དྲ་བ།

གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་ཅུས་རིམ་པའི་ལས་བྱེད་པ་10ལ་ཞིབ་བཤེར་ཐག་གཅོད་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། པེ་ཅིང་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཁ་སང་། གྲོང་ཁྱེར་དེའི་ཟླ་དང་པོ་ནས་ཟླ་ལྔ་པའི་བར་གྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཁྱོན་མི་158ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་དང། དེའི་ནང་ཅུས་རིམ་པའི་ལས་བྱེད་པ་10དང་ཁྲུའུ་རིམ་པའི་ལས་བྱེད་པ44ཡོད། མི་47གྱིས་སྒྲིག་འགལ་ངང་འབུལ་རྟེན་དང་འབུལ་རྟེན་དངུལ་བླངས་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད་པས།  འབྲེལ་ཡོད་གནད་དོན་ནང་གི་བཟུང་ཚད་མཐོ་ཤོས་ཡིན་པ་རེད།

གསར་འགོད་པར་དོ་སྣང་བྱུང་དོན། ཞིབ་བཤེར་ཐག་གཅོད་བྱས་པའི་མི་158ནང་གི་མི་147ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད་ཡོད་པ་དང་། མི་158ལ་ཁྱོན་རིགས་ཆེན་པོ་9ཡི་གནད་དོན་དང་འབྲེལ་བ་ཡོད་པ་སྟེ།  སྒྲིག་འགལ་ངང་འབུལ་རྟེན་དང་འབུལ་རྟེན་དངུལ་བླངས་པའི་མི་47ཡོད་པ་དང་།   སྒྲིག་འགལ་ངང་ཁ་གསབ་དང་ཕན་བདེ་སྤྲད་པའི་མི་30ཡོད་པ།   སྒྲིག་འགལ་ངང་གཞུང་སྤྱོད་རླངས་འཁོར་བཀོད་སྒྲིག་བྱས་པའི་མི་23ཡོད་པ།   སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་པའི་མི་14ཡོད་པ།  གཞུང་དངུལ་སྤྱད་དེ་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་10ཡོད་པ།  དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་གསོལ་སྟོན་དང་ཡུལ་སྐོར་བཀོད་སྒྲིག་བྱས་པ་དང་ལེན་བྱས་པའི་གནད་དོན་སོགས་དང་འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་གི་སྒྲིག་འགལ་གནད་དོན། ཚད་ལས་བརྒལ་བའི་སྣེ་ལེན་མཁོ་འདོན་བྱས་པ་དང་ལེན་བྱེད་པའི་གནད་དོན། སྒྲིག་འགལ་ངང་སྒེར་གྱི་འདུ་གནས་སུ་འགྲོ་འོང་བྱེད་པའི་གནད་དོན།   དང་ལེན་ནམ་གཞུང་དངུལ་སྤྱད་ནས་འགྲོ་གྲོན་མཐོ་བའི་རོལ་རྩེད་དང་ལུས་སྦྱོང་བྱེད་སྒོར་ཞུགས་པའི་གནད་དོན་སོགས་དང་འབྲེལ་བ་ཡོད་པའི་མི་22བཅས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།