ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་རའེ་ཨུན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190614095656cT3Z.jpg

ཟླ6པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅི་ཨར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁེ་ཁི་ནས་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་རའེ་ཨུན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས13ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅི་ཨར་ཅི་སི་སི་ཐན་གྱི་རྒྱལ་ས་པུས་ཧྲི་ཁེ་ཁི་ནས་ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་རའེ་ཨུན་པེ་ཁི་ཧྥུའུ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་ཉེར་བདུན་གྱི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་ཀྱི་ཉམས་སད་ཐེག་པ་དང་ཚད་བརྒལ་འཕེལ་རྒྱས་མངོན་འགྱུར་བྱས་པས། ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་མཉམ་ལས། གཉིས་ཕན་མཉམ་རྒྱལ་གྱི་རྣམ་པ་གསར་བའི་རྒྱལ་ཁབ་འབྲེལ་བའི་དཔེ་སྟོན་ཞིག་ཏུ་གྱུར་ཡོད། གནས་བབ་གསར་བའི་འོག་ཏུ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉམ་ལས་ཀྱི་སྦས་ཤུགས་གསར་བ་སྔོག་འདོན་བྱས་ནས་མཉམ་ལས་ཀྱི་བར་སྟོང་གསར་བ་གསར་སྐྲུན་བྱེད་དགོས། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་མཉམ་ལས་རྒྱ་བསྐྱེད་དེ་འབྲེལ་ཡོད་མཉམ་ལས་ལས་གཞི་གལ་ཆེན་དངོས་འབེབས་བཟང་བོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཅི་ཨར་ཅི་སི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཅི་ཨར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ་འཐུང་ཆུ་དང་བགྲོད་ལམ། སྨན་ཁང་སོགས་སྔར་ལས་མང་པོའི་དམངས་ཚིས་ལས་གཞི་ལག་བསྟར་བཟང་བོ་བྱེད་ངེས་ཡིན་ཟེར།

རའེ་ཨུན་པེ་ཁི་ཧྥུའུ་ཡིས་བཤད་རྒྱུར། བདག་གིས་ལོ་གཅིག་ལྷག་གི་རིང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཐུག་འཕྲད་ཐེངས་གསུམ་བྱས་པ་དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོར་འདེགས་བྱུང་བ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་བརྩོན་སེམས་ཇེ་ཆེར་གྱུར་བ་གང་ལེགས་སྒོས་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་དགོངས་པ་དང་ཉམས་མྱོང་དེ་ཅི་ཨར་ཅི་སི་སི་ཐན་གྱིས་དཔྱད་གཞིར་འཛིན་པར་དོན་སྙིང་གལ་ཆེན་ལྡན། ཅི་ཨར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཅི་ཨར་ཅི་སི་སི་ཐན་གྱི་རྒྱལ་ཁབ་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པའི་ཐད་ལ་རོགས་སྐྱོར་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་གཉིས་མཉམ་བསྲེས་བྱས་ཡོད་པས། ཅི་ཨར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབྲེལ་མཐུད་མཉམ་ལས་ཀྱི་རྐྱེན་སྲོལ་བཙུགས་ཏེ། ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། ཞིང་ལས། འགྲིམ་འགྲུལ། ས་གནས་བར་གྱི་མཉམ་ལས། མི་གཞུང་བརྗེ་རེས་སོགས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།