ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་རྒྱལ་ཡོངས་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཀྲེ་ཅང་ཧང་ཀྲིག་ནས2019ལོའི་རྒྱལ་ཡོངས་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་ལ་ཞུགས་པར་མ་ཟད། གསུང་བཤད་གལ་ཆེན་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཐེངས་འདིར་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གཟའ་འཁོར་ལ་ཞུགས་ནས། ལས་སྐྲུན་པ་དང་གསར་གཏོད་ཐོན་རྫས་མང་པོ་མཐོང་བ་དང་། དེ་ནི་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་འདྲ་གཟུགས་གསོན་པོ་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ངོ་བོ་ནི་བཅོས་སྒྱུར་བཅིངས་འགྲོལ་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་བརྒྱུད་དེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་གཏོད་ནུས་པ་ཆེར་སྐྱེད་རྒྱུ་དེ་ཡིན། ཉེ་བའི་ལོ་འགའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་དཔལ་འབྱོར་ཐད་ནས་བརྟན་བརླིང་འཁོར་རྒྱུག་སྲུང་འཛིན་བྱས། རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་གནས་བབ་ལ་ཁ་གཏད་དེ། ཀྲུང་གོའི་དཔལ་འབྱོར་ཐད་ནས་མཉེན་ཆ་ལྡན་པ་དང་། དེ་ནི་མི་གྲངས་དུང་ཕྱུར་བཅུ་བཞི་ཙམ་གྱི་འབད་བརྩོན་དང་གསར་སྐྲུན་ལ་རག་ལས་ལ། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་ནི་འདེགས་སྐྱོར་གལ་ཆེན་ཡིན་པ་དང་། དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་ཐད་ཀྱི་གནོན་ཤུགས་ཐེག་ཐུབ་ལ། དཔལ་འབྱོར་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་ཐུབ་ཟེར།

དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བརྗོད་དོན་འགྲེམ་ཁུལ་དུ། ལིས་ཁི་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་ལས་སྐྲུན་པ་དང་བརྗེ་རེས་བྱས་ནས། བརྙན་འཕྲིན་དྲ་སྦྲེལ་དང་གྲངས་གཞི་ཅན་གྱི་བཟོ་སྐྲུན། སྐྱེ་དངོས་སྨན་བཅོས་སོགས་ཀྱི་གསར་གཏོད་གྲུབ་འབྲས་ལ་རྒྱུས་ལོན་གསལ་བོ་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་ལས་སྐྲུན་གསར་གཏོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་མཛེས་པའི་འཚོ་བའི་ཐད་ཀྱི་རེ་སྒུག་མངོན་འགྱུར་བྱེད་དགོས་ཟེར།

ཞོ་ཅེ་དང་ཝན་ཀང་གཉིས་བྱ་འགུལ་གཟའ་འཁོར་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།