ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི《སྲིད་གཞུང་གི་ལས་དོན་སྙན་ཞུ》སོགས་ཡིག་ཆ་གྲངས་ཉུང་མི་རིགས་བདུན་གྱི་ཡི་གེ་པར་གཞི་ནས་ནང་དོན་ཆ་ཚང་སྤེལ་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6ཚེས13ཉིན།《སྲིད་གཞུང་གི་ལས་དོན་སྙན་ཞུ》སོགས2019ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གལ་ཆེའི་ཡིག་ཆ་དག་གྲངས་ཉུང་མི་རིགས་བདུན་གྱི་ཡི་གེའི་པར་གཞི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཡིག་སྒྱུར་རྩ་འཛུགས་བྱས་ནས། མི་དམངས་དྲ་བའི་གྲངས་ཉུང་མི་རིགས་ཀྱི་དྲ་ཚིགས་ནས་དྲ་བར་ཡོངས་སུ་སྤེལ་རྒྱུ་རེད།

རྒྱ་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱ་ཆེད། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་མཐུན་སྦྱོར་བྱེད་པ་དང་། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཡིག་ཆ་གལ་ཆེན། སོག་ཡིག་དང་བོད་ཡིག ཡུ་གུར་གྱི་ཡི་གེ  ཧ་སག་གི་ཡི་གེ  ཁྲའོ་ཞན་གྱི་ཡི་གེ  དབྱི་རིགས་ཀྱི་ཡི་གེ  ཀྲོང་རིགས་ཀྱི་ཡི་གེ་བཅས་གྲངས་ཉུང་མི་རིགས་བདུན་གྱི་ཡི་གེ་ལ་ཡིག་སྒྱུར་བྱས་ཡོད། ཡིག་ཆ་དག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ནས་གསུངས་པའི་《སྲིད་གཞུང་གི་ལས་དོན་སྙན་ཞུ》དང་དེ་བཞིན་དུ《2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ》《2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ》《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ》《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ》《ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ》《ཕྱི་ཚོང་དངུལ་འཇོག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》བཅས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གལ་ཆེའི་ཡིག་ཆ་དག་ཡོད། ཁག་དང་པོ་《སྲིད་གཞུང་གི་ལས་དོན་སྙན་ཞུ》གྲངས་ཉུང་མི་རིགས་བདུན་གྱི་ཡི་གེ་པར་གཞིའི་ནང་དོན་ཆ་ཚང་འདི་ནས་སྤེལ་ཡོད་ལ། ཡིག་ཆ་གཞན་དག་རྗེས་མཐུད་ནས་སྤེལ་རྒྱུ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།