ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124614921_15603505565781n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཚེས་བཅུ་གཉིས་ཉིན2019ལོའི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པ་བསྡུས་པ་དང་། བརྗོད་དོན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲོད་ཀྱི་ཏང་གི་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱེད་རྒྱུ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཏང་ཙུའུ་ཧྲུའུ་ཅི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། གནས་བབ་གསར་བ་དང་ལས་འགན་གསར་བར་ཁ་གཏད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་མ་ཟད། དགོངས་པ་གསར་བ་དང་རྣམ་བཤད་གསར་བ་རབ་དང་རིམ་པ་བཏོན་པ་དང་། ཐེངས་འདིའི་ཐུན་མོང་སློབ་སྦྱོང་ནི་རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱིས་ཐོག་མའི་སེམས་འདུན་དང་འགན་འཁྲི་ལ་རྒྱུས་ལོན་སྔར་ལས་བཟང་བོ་བྱེད་པའི་འགུལ་སྐྱོད་དངོས་ཡིན་ལ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཆེད་དོན་སློབ་སྦྱོང་བྱ་འགུལ་ཐེངས་གཅིག་ཀྱང་ཡིན་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་བསྒྲུབ་པའི་རྩ་བ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན་ལ། དེ་ནི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བའི་ཆབ་སྲིད་ཀྱི་འགན་སྲུང་ཡིན་པས། ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པར་དྲག་ཆས་སྤྲས་པ་དང་། སློབ་གསོ་ལ་བརྟེན་ནས་ཏང་ཁག་ཚོགས་པ་སོ་སོ་དང་ལས་རིགས་སོ་སོའི་འཐུས་ཚབ་མི་སྣར་སྣེ་ཁྲིད་བྱེད་པ་དང་གཅིག་ཏུ་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ངོས་ཟིན་དང་བསམ་བློའི་ངོས་ཟིན། གཞུང་ལུགས་ངོས་ཟིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་དགོས། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བར་ཐག་གཅོད་ཡང་དག་བྱེད་དགོས། ཆབ་སྲིད་ཚད་མཐའ་དམ་སྲུང་བྱེད་པའི་ཞོར་དུ་དམངས་གཙོ་དར་སྤེལ་བྱེད་པ་དང་ཁྱད་པར་ལ་བརྩི་བཀུར་བཟོད་སྒོམ་བྱེད་པ་དང་། ངང་རིང་ཞིབ་ཚགས་ཀྱི་བྱ་བ་བརྒྱུད་དེ་ཆེས་ཆེ་བའི་སྤྱིའི་བགོ་གྲངས་འཚོལ་དགོས། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བའི་ཕྱོགས་གཉིས་ཐད་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཉིས་ཐད་ཤུགས་འདོན་པ་བརྒྱུད་དེ། གྲོས་མོལ་དམངས་གཙོ་ཡི་དགེ་མཚན་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ནས། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་དགོས་ཟེར།

ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་འཐབ་ཕྱོགས་གཅིག་གྱུར་སློབ་དཔྱོད་པུའུ་ཡི་ཀྲུའུ་རིན་སུང་ཞིན་གྱིས་ཀྲུང་གོ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་གྱི་གཞུང་ལུགས་ཐད་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།