ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཛམ་གླིང་དངུལ་ཁང་གི་འགོ་གཙོ་མཱ་ཨར་ཕ་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124609573_15602617631151n.jpg

ཟླ6པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཛམ་གླིང་དངུལ་ཁང་གི་འགོ་གཙོ་མཱ་ཨར་ཕ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཛམ་གླིང་དངུལ་ཁང་གི་འགོ་གཙོ་མཱ་ཨར་ཕ་སི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཛམ་གླིང་དངུལ་ཁང་བར་གྱི་མཉམ་ལས་དང་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་འཕེལ་རིམ་གཉིས་ཕལ་ཆེར་དུས་མཉམ་ཡིན་པ་དང་། ཀྲུང་གོའི་འཕེལ་རྒྱས་ལ་ཕན་པ་ཡོད་པར་མ་ཟད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས། ཕྱོགས་གཉིས་ཀྱི་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བར་རོགས་འདེགས་བྱེད་པ་དང་ལྷོ་བྱང་བར་གྱི་ཁྱད་པར་ཇེ་ཆུང་དུ་གཏོང་བར་མ་ཟད་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ། ཀྲུང་གོ་ནི་ད་ལྟ་ལག་བསྟར་བྱེད་པའི་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་མ་ལག་ཁྲོད་དུ་ཞུགས་མཁན་དང་འཛུགས་སྐྲུན་མཁན། བྱས་རྗེས་འཇོག་མཁན་བཅས་ཡིན་པའི་ཆ་ནས་འཛམ་གླིང་དངུལ་ཁང་དང་མཉམ་དུ་མཉམ་ལས་ཟབ་སྤེལ་བྱས་ནས་འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ནི་འཛམ་གླིང་ཡོངས་སུ་ཆེས་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཆ་ནས་རང་ཉིད་ཀྱི་དོན་དག་བཟང་བོར་སྒྲུབ་པ་དང་མཉམ་དུ་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ལག་བསྟར་བྱེད་འདོད་ཡོད། ང་ཚོས་མུ་མཐུད་དུ་སྲིད་བསྡུ་དབང་གཏོང་སོགས་བཅོས་སྒྱུར་ཟབ་སྤེལ་བྱས་པ་བརྒྱུད་དེ་གཞི་ཁྱོན་ཆེན་པོའི་ཁྲལ་འཕྲི་ཡོན་གཅོག་ལག་བསྟར་བྱེད་པ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ངེས་ཡིན་ཟེར།

མཱ་ཨར་ཕ་སི་ཡིས་བཤད་རྒྱུར། ཀྲུང་གོས་དཔལ་འབྱོར་འཕར་སྣོན་དང་འཕེལ་རྒྱས་ཕྱོགས་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད། འཛམ་གླིང་དངུལ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་དང་དེ་མིན་འཛམ་གླིང་གི་ཁྱབ་ཁོངས་སུ་ཁྱབ་ཁོངས་མང་པོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།