ཡའོ་མིང་ཨེ་ཤེ་ཡ་གཟེབ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ།

ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ཀྲུང་གོ་གཟེབ་གྲུག་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་གཟེབ་གྲུག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡའོ་མིང་ཨེ་ཤེ་ཡའི་གཟེབ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཨེ་ཤེ་ཡའི་གཟེབ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུང་དབྱང་ཅུས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་རེད།

bba1cd11728b47103471ffd1ce9435f9fc03232b.jpeg

ཐེངས་འདིའི་འདེམས་བསྒོ་འདི་ནི་རྒྱ་གར་གྱི་པན་ཅ་ལོར་གྱིས་འཚོགས་པའི་ཨེ་ཤེ་ཡའི་གཟེབ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐོག་འདེམས་ཐོན་བྱུང་བ་དང་ཡའོ་མིང་ཀྲུའུ་ཞིར་བདམས་པ་ཕུད། ཀྲུང་གོ་གཟེབ་གྲུག་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་། རྒྱལ་ཁབ་ཀྱི་དོ་དམ་པ། ཕྱི་དོན་པུའི་པུའུ་ཀྲང་ཞུས་ལན་ཡང་ཨེ་ཤེ་ཡ་གཟེབ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྲུང་དབྱང་ཅུས་ཀྱི་ཨུ་ཡོན་ལ་བདམས་པ་རེད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།