ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐོ་ཁ་ཡེ་ཧྥུ་ལ་གློག་འཕྲིན་བཏང་ནས་ཧ་སག་སི་ཐན་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོ་ཁ་ཡེ་ཧྥུ་ལ་གློག་འཕྲིན་བཏང་ནས་ཁོང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་ནི་ལྷག་བསམ་རྣམ་དག་གིས་ཕན་ཚུན་ལ་ཡིད་ཆེས་བྱེད་ཆོག་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱབ་ཁབ་དང་མཉམ་ལས་གཉིས་ཕན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཤག་པོ་ཡིན། མིག་སྔར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོན་པོས་འཁོར་སྐྱོད་རྒྱུན་འཁྱོངས་ཐུབ་པ་དང་། ཕྱོགས་གཉིས་ཀྱིས་མཉམ་སྐྲུན་བྱས་ནས“རྒྱུད་གཅིག་ལམ་གཅིག” གི་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པ། མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ཐད་མདུན་གྲལ་དུ་སྐྱོད་པས་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན། ངས་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཁྱེད་དང་འབྲེལ་བ་དམ་པོ་བཙུགས་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱིས་སྐུལ་འདེད་བཏང་སྟེ་ཡུན་རིང་དུ་བརྟན་པོ་ཡོང་བར་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།