ཝང་དབྱང་གིས་ཧྲན་ཞི་ཞིང་ཆེན་གྱི་ཡུག་ཡུས་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད།

1124591624_15598250701941n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཞི་དང་ཚེས་ལྔ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཧྲན་ཞི་ཞིང་ཆེན་གྱི་ཡུག་ཡུས་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ཡུག་ཡུས་རྫོང་གིས་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། 

1124591624_15598250701971n.jpg

ཁོང་གིས་བསྟན་དོན། ཡུག་ཡུས་སྙིང་སྟོབས་དེ་གུང་ཁྲན་ཏང་མིས་བློ་སེམས་བརྩེ་གཅིག་སྒོས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དམིགས་འབེན་གཅིག་བསྡུས་སྒོས་མཚོན་པར་བྱས་ཡོད་པ་དང་། དེ་ནི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གསོན་ཉམས་ལྡན་པའི་བསླབ་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཤུགས་ཆེན་པོས་ཡུག་ཡུས་སྙིང་སྟོབས་དར་སྤེལ་བྱས་ཏེ། དཀའ་ཁག་ཁྱད་སེལ་དང་དཀའ་སྤྱད་འབད་འཐབ་བྱེད་པ་དང་། ས་གནས་རང་གི་མང་ཚོགས་དབུལ་ཐར་བྱེད་པར་ནུས་ཤུགས་གང་ཡོད་བཏོན་ནས། དབུལ་ཐར་གྲུབ་འབྲས་དེ་ལོ་རྒྱུས་དང་ལག་ལེན་ཞིབ་དཔྱད་ལས་ཉམས་སད་ཐེག་པར་བྱེད་རྒྱུར་འགན་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།