ཞི་ཅིན་ཕིང་དང་ཕུའུ་ཅིན་རྣམ་གཉིས་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས།

1124589402_15597882433321n.jpg

ཟླ་དྲུག་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་མཉམ་དུ་མོ་སི་ཁོའི་ཟློས་གར་ཁང་ཆེན་མོའི་ནང་ཚོགས་པའི་ཀྲུང་གོ་དང་ཨུ་རུ་སིས་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་རིག་རྩལ་འཁྲབ་སྟོན་ལ་གཟིགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་མཉམ་དུ་མོ་སི་ཁོའི་ཟློས་གར་ཁང་ཆེན་མོའི་ནང་ཚོགས་པའི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་རིག་རྩལ་འཁྲབ་སྟོན་ལ་གཟིགས།

ཉིན་དེའི་དུས་ཚོད་ཉི་ཤུ་དང་སྐར་མ་ཞེ་ལྔའི་སྟེང་ཞི་ཅིན་ཕིང་དང་ཕུའུ་ཅིན་རྣམ་གཉིས་ཚོགས་རར་ཕེབས་པ་ན། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

ཚོགས་ཐོག་ཏུ་ཕུའུ་ཅིན་གྱིས་ཤིས་ཚིག་ཕུལ། ཁོས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བས་སྤྱིར་བཏང་མ་ཡིན་པའི་འཕེལ་རྒྱས་ལོ་རྒྱུས་བརྒྱུད་རིམ་བརྒྱུད་མྱོང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ད་ལྟ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་སླེབ་པར་སྐུལ་འདེད་བཏང་། ཀྲུང་གོ་ནི་ཨུ་རུ་སིའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་མཁའ་སྐྱོད་མཁའ་འགྲུལ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རོགས་ལས་དམ་པོ་བྱས་པ་དེས་རྒྱལ་སྤྱི་དང་ས་གནས་ཀྱི་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་གནད་དོན་གཙོ་བོ་ཐག་གཅོད་པ། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་གསར་བ་དང་འཇིགས་སྐུལ་གསར་བར་ཁ་གཏད་འཇལ་བར་བྱས་རྗེས་ཆེན་པོ་བཞག ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

1124589402_15598587294831n.jpg

ཞི་ཅིན་ཕིང་གིས་ཁ་ཡིག་ལ་ལག་རྡང་སྦྲེལ་ཏེ་འབད་བརྩོན་བྱེད་པ་དང་དཔུང་བ་མཉམ་གཤིབ་སྒོས་མདུན་སྐྱོད་བྱས་ནས་དུས་རབས་གསར་བའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཞེས་པའི་ཤིས་ཚིག་ཕུལ། ཞི་ཅིན་ཕིང་གིས་གསུངས་རྒྱུར། དེ་རིང་ང་ཚོས་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བར་མ་ཟད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་གསར་བ་མཉམ་དུ་བསུས་བྱུང་། ལོ་ངོ་བདུན་ཅུའི་འགྱུར་ལྡོག་ལ་ཉམས་སད་ཐེག་པ་བརྒྱུད་དེ་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་དང་བརྟན་འཇགས། སྲ་བརྟན་དུ་གྱུར་ཡོད། བདག་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དུ་མཐོར་འདེགས་གཏོང་བའི་དུས་རབས་གསར་བར་མཉམ་དུ་སྐྱོད་རྒྱུ་ཁྱབ་སྒྲོག་བྱས། ལོ་ངོ་བདུན་ཅུའི་ལོ་རྒྱུས་ལག་ལེན་ལས་འདས་མ་འོངས་ད་ལྟ་གང་ཡིན་རུང་ཀྲུང་གོ་དང་ཨུ་རུ་སི་ནི་ནམ་ཡང་འབྲལ་ཐབས་མེད་པའི་གྲོགས་པོ་བཟང་བོ་ཡིན་པ་བདེན་དཔང་བྱས་ཡོད། ང་ཚོས་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་འགོ་ཚུགས་ས་གསར་བ་བྱས་ཏེ། ལག་རྡང་སྦྲེལ་ནས་འབད་བརྩོན་བྱེད་པ་དང་དཔུང་པ་མཉམ་གཤིབ་སྒོས་མདུན་སྐྱོད་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་མཛེས་པའི་མ་འོངས་པ་མཉམ་དུ་གསར་སྐྲུན་བྱེད་དགོས་ཟེར།

མཇུག་མཐར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་སྒྱུ་རྩལ་པས་རིག་རྩལ་འཁྲབ་སྟོན་བྱས་པར་གཟིགས།

ཏེན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།