ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲིག་ཨུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་དྲུག་ཡོངས་བསྒྲགས་དམར་འདོན་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཨུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་6ཡོངས་བསྒྲགས་དམར་འདོན་བྱས་པ་རེད། དཔེ་མཚོན་གནད་དོན་ཁག6ནི་ལེའོ་ཉིང་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཚོགས་པའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ལིའུ་ཀྲི་ཧུང་གིས་སྒྲིག་འགལ་ངང་ལག་རྟགས་བླངས་པ་སོགས་ཀྱི་གནད་དོན་དང་། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚན་སློབ་རིག་འཕྲོད་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མ་ཆིང་ཀུའེ་ཡིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་རྒྱས་ཟ་རྒྱས་འཐུང་བྱས་པའི་གནད་དོན། ཨན་ཧུའེ་ཞིང་ཆེན་པོ་ཀྲོའུ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་ལིའུ་ཁྲའོ་ཀྲུང་གིས་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱས་པ་སོགས་ཀྱི་གནད་དོན། ཧུའུ་པེ་ཞིང་ཆེན་ཆུ་བེད་ཐིང་ཀྲང་ཧོ་ཆུ་བོའི་ལས་གྲྭ་དོ་དམ་ཅུས་ཀྱི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཅུས་ཀྲང་དབྱི་ཡོན་ཧུང་གིས་སྒྲིག་འགལ་ངང་གཤམ་འོག་ཁེ་ལས་ལ་ཚད་གཞི་ལས་བརྒལ་ནས་གཞུང་སྤྱོད་རླངས་འཁོར་ཉོ་རྒྱུའི་ཆོག་མཆན་སྤྲད་པའི་གནད་དོན། ཀྲུང་གོ་མི་དམངས་དངུལ་ཁང་ཧའེ་ནན་ཞིང་ཆེན་ཐུན་ཁྲང་རྫོང་ཉིང་ལག་དངུལ་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཧང་ཀྲང་ཏུའུ་ཁྲོན་ཧྲིས་སྒྲིག་འགལ་ངང་གཞུང་དངུལ་བཏང་ནས་རྒྱས་ཟ་རྒྱས་འཐུང་སྒྲིག་འཛུགས་བྱས་པ་སོགས་ཀྱི་གནད་དོན། མཚོ་སྔོན་ཞིང་ཆེན་བ་ཡན་རྫོང་སློབ་གསོ་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཧྥེང་ཀྲུང་ཧའོ་ཡིས་རང་གི་བུ་མོར་སྒྲིག་འགལ་ངང་གཉེན་སྒྲིག་གསོལ་སྟོན་བཤམས་པ་དང་སྦྲགས་འབུལ་རྟེན་བླངས་པའི་གནད་དོན་བཅས་རེད།

ཀྲུང་དབྱང་སྒྲིག་ཨུ་ཡི་འབྲེལ་ཡོད་འགན་ཁུར་བས་བརྗོད་དོན། གོང་གསལ་གྱི་གནད་དོན6གི་ནང་འགའ་ཞིག་ནི་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་རྒྱས་ཟ་རྒྱས་འཐུང་སྒྲིག་འཛུགས་བྱས་པའི་གནད་དོན་དང་། ལ་ལ་ནི་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པའི་གནད་དོན། ཁ་ཤས་ནི་སྒྲིག་འགལ་ངང་གསོལ་སྟོན་དང་ལེན་བྱས་པའི་གནད་དོན། འགའ་ཞིག་ནི་ཚད་གཞི་ལས་བརྒལ་ནས་གཞུང་སྤྱོད་རླངས་འཁོར་ཉོས་པའི་གནད་དོན། འགའ་ཞིག་ནི་རྒྱས་སྤྲོས་རྒྱས་གཤོམ་དང་རྒྱུ་ནོར་ཧམ་ལེན་བྱས་པའི་གནད་དོན། འགའ་ཞིག་ནི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ལྟ་སྐུལ་གྱི་འགན་འཁྲི་མ་ཁུར་བ་དང་ཐ་ན་སྒྲིག་ཁྲིམས་ལས་འགལ་བ་སོགས་ཀྱི་གནད་དོན་ཡིན་པ་མ་ཟད། སྒྲིག་འགལ་གྱི་བྱེད་སྤྱོད་མང་ཆེ་བ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཐོན་པ་ཞིག་ཡིན་པས། སྡུག་ཚོད་མ་ཟིན་པ་དང་སྡུག་ལག་མི་སྐུམ་པའི་དཔེ་མཚོན་གྱི་བྱེད་སྤྱོད་ཞིག་རེད། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དེ་བསླབ་བྱར་བླངས་ཏེ་རང་ཟོན་དང་། རང་གཅུན། རང་གཅེས་བཅས་བྱེད་དགོས། 

ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་ནན་བཤད་བྱས་དོན། ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཆེད་མངགས་མཛུབ་སྟོན་གལ་ཆེན་གནང་ནས་སྙིང་རུས་ལྷོད་མེད་དང་། རྒྱུན་མཐུད་ཤུགས་འདོན། གྲུབ་འབྲས་གསར་པ་སླར་ཡང་བཏོད་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང“སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།

རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་ཤུགས་སྣོན་ཏན་ཏིག་དང་བརྩི་སྲུང་ཞུ་བ་བཅས་བྱས་ཏེ་ཚུལ་མིན་སྤྱོད་ངན་བཀག་འགོག་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བའི་ཐད“སྣེ་ཁྲིད་ཀྱི་ཕན་འབྲས”འདོན་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ཏེ་ཆབ་སྲིད་ཀྱི་ངེས་ཤུགས་མཐའ་འཁྱོངས་དང་། མུ་མཐུད་དམ་འཛིན་ནན་པོ་དང་དོ་དམ་ནན་པོས་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་མ་སྒྲུབ་པ། ལས་ཀའི“ངལ་དུབ་ཕྱོགས་བསྡུས་ནད”མཐའ་གཅིག་ཏུ་ཁྱད་བསད་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་ལྷོད་མེད་ངང་དོན་འཁྱོལ་དང“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཙོ་གནད་ཀྱི་གནད་དོན་ལ་དམ་པོར་དམིགས་པ་དང་འགག་རྩ་ཉུང་ཤས་ལ་ཕྱོགས་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་གནད་འཁེལ་བྱས་ཏེ་དམ་བསྒྲགས་ཀྱི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་པ། ཡ་མེད་སྒྲིག་འགལ་བྱས་རིགས་ལ་སྒྲིག་སྲོལ་དང་སྒྲིག་ཁྲིམས་བཞིན་ཐག་གཅོད་ནན་པོ་བྱེད་དགོས་པ། “སྤྱོད་ཚུལ་བཞིའི”མངོན་མེད་ཐབས་སྒྱུར་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱས་ནས་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཞིབ་བཤེར་ཐག་གཅོད་བྱེད་དགོས། གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱུ་རྐྱེན་གནས་ས་འཚོལ་བ་དང་ལམ་ལུགས་ཀྱི་སྟོང་ཆ་སྐོང་དགོས་པ། བརྡ་ཁྱབ་དང་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉེ་འགྲམ་གྱི་གྱོད་དཔེའི་ཉེན་གཏོང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཟིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ་བྱེད་མི་ཕོད་པ་དང་། བྱེད་མི་རུང་བ། བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས“སྤྱོད་ཚུལ་བཞི”བཅོས་སྐྱོང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

“ལྔ་པའི་ཚེས་ལྔའི”ངལ་གསོའི་དུས་ཚོད་འཆར་ཉེར་ཡོད་པས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཚད་མཐོའི་དོགས་ཟོན་བྱས་ནས་སློབ་གསོ་དང་དྲན་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་བཤེར་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། བརྡ་ཁྱབ་དང་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཤེས་དུས་ཆེན་རིང་གི་རྟོགས་བྱུང་བའི“སྤྱོད་ཚུལ་བཞིའི”གནད་དོན་ཞིབ་བཤེར་དང་ཐག་གཅོད་མྱུར་པོ་བྱས་ནས་དུས་ཆེན་གྱི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།