ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་དོན་གཙོ་བོ་ཡིན་པའི་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ལ་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

    སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་བརྗོད་དོན་གཙོ་བོ་ཡིན་པའི་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་བརྗོད་དོན་གྱི་སྤྱིའི་རེ་བ་སྟེ་ཐོག་མའི་སེམས་འདུན་བརྩི་སྲུང་དང་འགན་འཁྲི་ཁག་ཁུར་བྱེད་པ་དང་ཁྱད་པར་འཚོལ་བ། དངོས་འབེབས་དམ་འཛིན་བྱེད་དགོས་ཞེས་གསལ་བོར་བཏོན། ས་གནས་སོ་སོའི་ཏང་ཡོན་ལས་བྱེད་པས་བཤད་རྒྱུར། ཀྲུང་དབྱང་གི་དགོངས་དོན་གསལ་བོར་ཁོང་དུ་ཆུད་པར་བྱེད་པ་དང་། བྱ་བའི་ཁྲོད་དུ་དག་ཐེར་བཅོས་སྐྱོང་བྱེད་དགོས་པའི་འབུར་ཐོན་གནད་དོན་དང་ཟུང་སྦྲེལ་བྱས་ནས། ཧུར་ཐག་ཁ་ཕྱོགས་དང་ལེགས་སྒྱུར་བྱེད་ཐབས་གསལ་བོ་བྱེད་པ་དང་སློབ་གསོ་བརྗོད་དོན་ཐད་ནས་ཕན་འབྲས་ངོ་མ་ཐོབ་པར་འགན་སྲུང་བྱེད་པ་ཡིན་ཟེར།

ཐོག་མའི་སེམས་འདུན་བརྩི་སྲུང་དང་འགན་འཁུར་ཁག་ཁུར་བྱེད་པ་དང་། ཁྱད་པར་འཚོལ་བ། དངོས་འབེབས་དམ་འཛིན་བྱེད་པའི་སྤྱིའི་རེ་བར་དམིགས་ཏེ། ས་གནས་སོ་སོའི་ཏང་ཡོན་ལས་བྱེད་པས་བཤད་རྒྱུར། བྱ་བ་དངོས་དང་སྦྲེལ་ཏེ་ནན་ཏན་སྒོས་ཞིབ་ལྟ་ཞིབ་བསམ་བྱེད་པ་དང་། གནད་དོན་རྩད་གཅོད་པ་དང་འབྱུང་རྐྱེན་ལ་འཚོལ་ཞིབ་བྱེད་པ། སྒྱུར་ཞེས་པའི་ཡིག་འབྲུ་དེ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ་མྱུར་ཞིབ་མྱུར་སྒྱུར་བྱེད་པ་དང་ཤེས་མ་ཐག་ཏུ་སྒྱུར་ནས་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་བསམ་བློ་གཙང་སེལ་བྱེད་པ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།