ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་མོ་ཏེ་ཡིས་བསྟུད་མར་རྒྱ་གར་གྱི་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས།

    སྤེལ་དུས། : 2019-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་རྟེན་འབྲེལ་གློག་འཕྲིན་བཏང་ནས་ནཱ་ལུན་ཏི་ལ.མོ་ཏེ་ཡིས་བསྟུད་མར་རྒྱ་གར་གྱི་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱས་འོག མིག་སྔར་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། དེ་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་བ་དང་མཐུན་ལ། འཛམ་གླིང་ཡོངས་དང་ས་ཁུལ་ལ་གཏན་འཇགས་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་ཚད་འདོན་སྤྲོད་བྱས། ངས་ཙུང་ལི་མོ་ཏེ་དང་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་རྒྱ་གར་གྱི་སྔར་ལས་དམ་ཞིང་ཟབ་པའི་སྒོ་ནས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།