ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས།

སྲོལ་ཡིག་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་ཏང་གི་སྒྲིག་ཡིག་རྩ་བའི་བསྲུང་བྱ་བྱས་པ་དང་། ལག་ལེན་གསར་སྐྲུན་གྲུབ་འབྲས་སྤྱི་བསྡོམས་དང་དང་ལེན་བྱས་ནས། ཏང་ཡོན་གྱི་སློབ་གསོ་དོ་དམ་གྱི་ནང་དོན་དང་རྣམ་པ། གོ་རིམ་སོགས་ཚད་ལྡན་དུ་བཏང་བ་ནི་དུས་རབས་གསར་བའི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་གཞི་རྩའི་བསྲུང་བྱ་ཡིན། ཏང་ཡོན་རེ་རེ་ཡིས་ངེས་པར་དུ་ཏང་གི་སྒྲིག་ཡིག་ལས་གཏན་འཁེལ་བྱས་པའི་རེ་བ་དང་སྲོལ་ཡིག་ནང་གི་གཏན་འཁེལ་ལྟར། ཏང་རྩ་འཛུགས་ཀྱི་སློབ་གསོ་དོ་དམ་དང་ལེན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་སོ་སོས་ཏང་ཡོན་སློབ་གསོ་དོ་དམ་བྱ་བ་དམ་འཛིན་བྱེད་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ཏེ། ནུས་ལྡན་བྱེད་ཐབས་སྤྱོད་པ་དང་སྲོལ་ཡིག་ལག་བསྟར་ནན་མོ་བྱས་ནས། དམིགས་ཡུལ་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ལྟ་སྐུལ་མཛུབ་སྟོན་བྱ་བར་ཤུགས་བསྣན་ནས་སྲོལ་ཡིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་འགན་སྲུང་བྱེད་དགོས་པ་དང་། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྲོལ་ཡིག་ལག་བསྟར་བྱེད་སྐབས་ཀྱི་གནས་ཚུལ་དང་བསམ་ཚུལ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་ཡར་ཞུ་བྱེད་དགོས་ཟེར།

ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག་ལ་བསྡོམས་པས་ལེའུ་བཅུ་ཡོད་པ་དང་དོན་ཚན་ཞེ་དྲུག་ཡོད། ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བའི་ཚེས་དྲུག་ཉིན་ནས་བཟུང་ལག་བསྟར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།