ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་པ་ཞིའི་ཙུང་ཐུང་གཞོན་པ་མའོ་ལང་དང་གྲོས་མོལ་མཛད་པར་མ་ཟད་ཀྲུང་གོ་དང་པ་ཞིའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བར་མཉམ་དུ་འགོ་འཛིན་བྱས།

    སྤེལ་དུས། : 2019-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞིའི་ཙུང་ཐུང་གཞོན་པ་མའོ་ལང་དང་གྲོས་མོལ་མཛད་པར་མ་ཟད་ཀྲུང་གོ་དང་པ་ཞིའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བར་མཉམ་དུ་འགོ་འཛིན་བྱས།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་པ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་ཡུན་རིང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་། ཉེ་བའི་ལོ་འགའི་རིང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་པ་ཞིའི་འགོ་ཁྲིད་པས་འཐབ་ཇུས་སྣེ་ཁྲིད་བྱས་འོག ཀྲུང་གོ་དང་པ་ཞིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གྱུར་བ་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲ་ཆེན་པོ་ཐོབ། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ཏེ། དར་རྒྱས་སུ་འགྲོ་བཞིན་པ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པར་སྐུལ་འདེད་བཏང་ཟེར།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། དེང་སྐབས་ཀྱི་གནས་བབ་འོག་ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱིས་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དང་སྒོ་འབྱེད་རྒྱ་བསྐྱེད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བརྩོན་ལེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་པ་ཞིའི་མཐོ་རིམ་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཉམ་ལས་ལ་འཆར་འགོད་དང་རྒྱ་བསྐྱེད་པ་དང་ཕྱི་ཕྱོགས་ཁོར་ཡུག་གི་གཏན་འཁེལ་མིན་པའི་རང་བཞིན་མཉམ་དུ་བཀག་ནས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བསྐྱར་དར་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

མའོ་ལང་གིས་བཤད་རྒྱུར། པ་ཞིའི་སྲིད་གཞུང་གསར་བས་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པ་དེ་པ་ཞིའི་འཕེལ་རྒྱས་འཆར་འགོད་དང་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས། པ་ཞི་དང་ཀྲུང་གོའི་འབྲེལ་བ་ཡུན་རིང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།