ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས23ཉིན། ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། གཞི་ཁྱོན་ཆེན་པོས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ་ནི་ངལ་རྩོལ་པའི་ལས་ཞུགས་ལས་སྤེལ་ནུས་པ་ཇེ་མཐོར་གཏོང་བ་དང་སྒྲིག་གཞི་རང་བཞིན་གྱི་ལས་ཞུགས་འགལ་བ་ཞི་འཇགས་སུ་གཏོང་བ། ལས་ཞུགས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་དཔལ་འབྱོར་སྤུས་ཚད་མཐོ་བར་འཕེལ་རྒྱས་སུ་འགྲོ་བའི་འདེགས་ཤུགས་གཙོ་བོ་ཡང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་པར་དམིགས་ནས། ལས་ཤོར་ཉེན་སེལ་ཐེབས་རྩའི་སྒོར་མོ་ཁྲག་ཁྲིག་གཅིག་དང་གསོ་སྦྱོང་མ་དངུལ་གཞན་དག་བཀོལ་སྤྱོད་གང་ལེགས་བྱེད་པ་དང་། ཕན་འབྲས་མཐོ་བའི་སྒོ་ནས་ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་བཟང་བོ་བྱེད་དགོས། ལས་རིགས་རྩལ་ནུས་གསོ་སྦྱོང་ཁྱབ་ཁོངས་ཀྱི་དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། ཁེ་ལས་དང་ལས་རིགས་སློབ་གྲྭ། སྤྱི་ཚོགས་གསོ་སྦྱོང་སྒྲིག་གཞི་སོགས་གསོ་སྦྱོང་ཁྲོད་དུ་ཞུགས་པའི་བརྩོན་སེམས་གང་ལེགས་སྒོས་སྐུལ་བ། གསོ་སྦྱོང་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་ཞིང་བཀོལ་སྤྱོད་ཕན་འབྲས་ཇེ་མཐོར་གཏོང་བ། ཧུར་ཐག་སྒོས་ཤེས་བྱ་རང་བཞིན་དང་རྩལ་ནུས་རང་བཞིན། གསར་སྐྲུན་རང་བཞིན་གྱི་ངལ་རྩོལ་མཁན་གང་མང་སྐྱེད་སྲིང་བྱས་ནས། དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ལས་ཞུགས་བརྟན་འཇགས་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཞུགས་བྱ་བའི་འགོ་ཁྲིད་ཚན་ཁག་གི་ཚན་གཙོ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།