ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་སྲོལ་ཡིག》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྩི་སྲུང་ནན་པོ་ཞུས་ནས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་། ཏང་ཡོན་གྱི་སློབ་གསོ་དོ་དམ་ནི་ཏང་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཚད་མཐོའི་མཐོང་ཆེན་དང་ཏང་ཡོངས་ཀྱིས་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱ་རྒྱུའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། 《སྲོལ་ཡིག》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་སྒྲིག་ཡིག་གཞི་རྩའི་བརྩི་སྲུང་ཞུ་སར་བརྩི་བ་དང་། ལག་ལེན་གྱི་གསར་གཏོད་གྲུབ་འབྲས་ལ་ཕྱོགས་སྡོམ་དང་བསྡུ་ལེན་བཅས་བྱས་ནས་ཏང་ཡོན་གྱི་སློབ་གསོ་དོ་དམ་གྱི་ནང་དོན་དང་། བྱ་ཐབས། གོ་རིམ་སོགས་ཚད་ལྡན་ཡོང་བ་བྱ་རྒྱུ་ནི་དུས་རབས་གསར་པའི་ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་དོན་གྱི་གཞི་རྩའི་སྲུང་བྱ་ཞིག་རེད་ཅེས་བསྟན་ཡོད།

བརྡ་ཐོའི་ནང་། 《སྲོལ་ཡིག》བཟོས་པ་དང་ལག་བསྟར་བྱས་པ་དེ་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་། ཏང་རྩ་འཛུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཏང་གིས་ཡུན་རིང་སྲིད་སྐྱོང་བའི་རྨང་གཞི་བརྟན་གཏོང་། ཏང་གིས་སྲིད་སྐྱོང་བའི་འགན་འཁྲི་རླབས་ཆེན་མངོན་འགྱུར་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པའི་ནན་བཤད་བྱས་ཡོད།

བརྡ་ཐོའི་ནང་། ཏང་ཡོན་ཚང་མའི་གོ་གནས་ཀྱི་མཐོ་དམན་ལ་མི་བལྟོས་པར་ཚང་མས་ངེས་པར་དུ་ཏང་གི་སྒྲིག་ཡིག་གི་བླང་བྱ་དང《སྲོལ་ཡིག》གི་གཏན་འབེབས་ལྟར་ཏང་རྩ་འཛུགས་ཀྱི་སློབ་གསོ་དོ་དམ་དང་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་ཏང་ཡོན་གྱི་སློབ་གསོ་དོ་དམ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། ནུས་ལྡན་གྱི་བྱ་ཐབས་སྤྱོད་པ། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱི་ཚུལ་རིང་ལུགས་སྔོན་འགོག་བྱེད་དགོས། 《སྲོལ་ཡིག》གི་དྲིལ་བསྒྲགས་འགྲེལ་བཤད་དང་སློབ་སྦྱོང་གསོ་སྦྱོང་གི་ལས་དོན་དམ་འཛིན་ཡག་པོ་བྱས་ནས་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན། ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང《སྲོལ་ཡིག》གི་ནང་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། 《སྲོལ་ཡིག》གི་གཏན་འབེབས་ལག་བསྟར་ནན་ཏན་བཅས་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས《སྲོལ་ཡིག》ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》ལག་ལེན་བསྟར་རིང་གི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།