ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་དག་ཐེར་འཕེལ་རིམ་གནས་ཚུལ་ཚང་མ་ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས20ཉིན། ཀན་སུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཀྲུང་གོ་ཞིང་ལས་དངུལ་ཁང་སོགས་ས་གནས་དང་ཚན་པ15ཡི་སྐོར་གཟིགས་དག་ཐེར་གྱི་འཕེལ་རིམ་གནས་ཚུལ་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་གཟིགས་ཏེ་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་དག་ཐེར་འཕེལ་རིམ་གནས་ཚུལ་ཚང་མ་ཡོངས་བསྒྲགས་བྱས་པ་རེད།

ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། 2018ལོའི་ཟླ10པ་ནས་ཟླ11པའི་བར་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐོར་གཟིགས་ཚོགས་ཆུང་གིས་ནང་སོག་དང་། ཅི་ལིན། ཨན་ཧུའེ། ཅང་ཤིས། ཧུའུ་པེ། ཀོང་ཤིས། ཁྲུང་ཆིང་། ཡུན་ནན། བོད་ལྗོངས། ཧྲའན་ཤིས། ཀན་སུའུ། མཚོ་སྔོན། ཤིན་ཅང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། དམངས་སྲིད་པུའུ། ནོར་སྲིད་པུའུ། མི་སྤྱི་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཀྲུང་གོ་ཞིང་ལས་དངུལ་ཁང་བཅས་ས་གནས་དང་ཚན་པའི་ཏང་རྩ་འཛུགས26ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་ལས་དོན་སྤེལ་བ་རེད།

ད་ལོའི་ཟླ1ཚེས30ཉིན། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཚོགས་ཆུང་གིས་སྐོར་གཟིགས་བྱ་ཡུལ་གྱི་ས་གནས་དང་ཚན་པ26གི་ཚུར་ལན་གནས་ཚུལ་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་པ་དང་། ཟླ5ཚེས16ཉིན་ནས་བཟུང་། ཀྲུང་དབྱང་གི་སྐོར་གཟིགས་དང་ལེན་བྱེད་མཁན་ས་གནས་དང་ཚན་པའི་ཏང་རྩ་འཛུགས26གིས་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་སོགས་བརྒྱུད་སྤྱི་ཚོགས་ལ་སྐོར་གཟིགས་དག་ཐེར་གྱི་འཕེལ་རིམ་གནས་ཚུལ་ཡོངས་བསྒྲགས་བྱས་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།