ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལོ་ཕུའུ་ལོ་སི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124493702_15578503514831n.jpg

1124493702_15578503827151n.jpg

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལོ་ཕུའུ་ལོ་སི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལོ་ཕུའུ་ལོ་སི་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་ད་ལྟ་སྐྱོད་བཞིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ནི་ལོ་ངོ་ལྔ་སྟོང་རིང་གི་ཀྲུང་ཧྭའི་དཔལ་ཡོན་དང་འབྲལ་ཐབས་མེད་པ་དང་ཀྲུང་གོ་མི་དམངས་ཀྱིས་དཀའ་ཁག་ཁྱད་སེལ་དང་འབད་འཐབ་ལྷོད་མེད་སྒོས་འཚོལ་ཞིབ་བྱས་ནས་བྱུང་བ་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་དང་ད་ལྟའི་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པའི་འབྲས་བུ་ཡིན། དེ་ནི་ལོ་རྒྱུས་ཀྱི་དགོས་ངེས་རེ་བ་ཡིན་པ་དང་མི་དམངས་ཀྱི་གདམ་གསེས་ཡིན། དཀའ་ཁག་གང་རུང་ལ་འཕྲད་རུང་ང་ཚོ་བགྲོད་ལམ་འདིའི་སྟེང་དུ་བློ་བརྟན་འགྱུར་མེད་སྒོས་སྐྱོད་པ་ཡིན། ཀྲུང་གོ་འཕེལ་རྒྱས་ཆེན་པོ་བྱུང་ཚེ་འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་ལ་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན། ཀྲུང་གོ་དང་ཞི་ལ་ནི་དཔལ་ཡོན་གནའ་བོའི་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་ཆུ་བོའི་རྒྱུན་བཞིན་རིང་ལ། ཕན་ཚུན་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད། ཞི་ལ་ནི་ཀྲུང་གོའི་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཞི་ལ་ཕྱོགས་དང་མཉམ་དུ་དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་ལག་རྡང་སྦྲེལ་ཏེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

1124493702_15578504002821n.jpg

1124493702_15578504141811n.jpg

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལོ་ཕུའུ་ལོ་སི་དང་གྲོས་མོལ་མཛད།

ཕ་ཧྥུའུ་ལོ་ཕུའུ་ལོ་སི་ཡིས་བཤད་རྒྱུར། ཞི་ལ་མི་དམངས་ཀྱིས་ཀྲུང་གོས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་རླབས་ཆེན་བླངས་པར་ཡིད་སྨོན་བྱེད་ཀྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་འདུ་ཤེས་བཏོན་ཏེ་མི་གྲངས་དུང་ཕྱུར་མང་པོ་དབུལ་ཐར་བྱས་པར་དོན་སྙིང་གལ་ཆེན་ལྡན། ཞི་ལ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། ཀྲུང་གོ་དང་མཉམ་དུ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་བྱེད་པར་མ་ཟད་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལོ་ཕུའུ་ལོ་སི་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།