ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དོ་དམ་འཐུས་སྒོ་ཚང་དུ་གཏོང་རྩིས་ཡོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཁྲིམས་འཛིན་པུའུ་ཡིས《གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དོ་དམ་སྲོལ་ཡིག(བསམ་འཆར་བསྡུ་ལེན་མ་ཟིན)》ཐད་ཡོངས་བསྒྲགས་ཐོག་བསམ་འཆར་བསྡུ་ལེན་བྱས་པ་དང་། དེའི་དམིགས་ཡུལ་ནི་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དོ་དམ་གཉེར་སྐྱོང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གཉེར་སྐྱོང་བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད།

གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད། བསམ་འཆར་བསྡུ་ལེན་མ་ཟིན་ལྟར་ན། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཤུགས་ཐོན་ཁུངས་གཏན་འཁེལ་ལུགས་མཐུན་བྱེད་པ་དང་། གཉེར་སྐྱོང་ལམ་ཐིག་དུས་ཐོག་ཏུ་གསར་སྐྲུན་ནམ་ལེགས་སྒྲིག དུས་བཀག་ནང་སྤྱི་དམངས་ཀྱི་ཕྱིར་སྐྱོད་གནས་ཚུལ་བརྟག་དཔྱད་བྱེད་པ་བཅས་བྱས་ནས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ལམ་ཐིག་ལེགས་སུ་གཏོང་དགོས། དེ་དང་ཆབས་ཅིག་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་གྱི་སྤ་སེའི་རིན་གོང་སྲིད་གཞུང་ནས་གཏན་འཁེལ་བྱེད་དགོས་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྤ་སེའི་རིན་གོང་གཉེར་སྐྱོང་གི་མ་གནས་ལས་དམའ་བ་དང་། དེ་བཞིན་འཁོར་རིགས་ལ་སྡོད་པའི་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་མཁན་ནམ། ཡང་ན་བཀས་སྐུལ་རང་བཞིན་གྱི་ལས་འགན་ཁ་སྣོན་གཏོང་སྒོ་སོགས་ཀྱི་གནས་ཚུལ་ལ་ཁ་གསབ་དང་སྐྱིན་གསབ་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།

བདེ་འཇགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། བསམ་འཆར་བསྡུ་ལེན་མ་ཟིན་ནང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཁེ་ལས་ཀྱི་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།