ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྔར་བས་ཆེ་རུ་སོང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་1པོ་ནས་4པའི་བར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་9.51ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་4.3%འཕར་བ་དང་། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.06ཟིན་ནས་5.7%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་4.45ཟིན་ནས་2.9%འཕར་བ་དང་། ཉོ་ཚོང་ཧེ་བག་སྒོར་དུང་ཕྱུར་6181.7ཟིན་ནས་31.8%འཕར་བ་བཅས་རེད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན། ཟླ་1པོ་ནས་4པའི་བར། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་ལ་གཙོ་བོ་གཤམ་གྱི་ཁྱད་ཆོས་འདི་དག་མངོན་པ་སྟེ། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་འཕེལ་རིམ་གསར་པ་བྱུང་ཞིང་། ཟླ་1པོ་ནས་4པའི་བར། རང་རྒྱལ་གྱི་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.68ཟིན་ནས་6.6%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་རིན་ཐང་བསྡོམས་འབོར་གྱི་59.8%བཟུང་སྟེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.3གྱིས་མཐོ་རུ་སོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་3.9ཟིན་ནས་11%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་རིན་ཐང་བསྡོམས་འབོར་གྱི་41%བཟུང་སྟེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.5ཡིས་མཐོ་རུ་ཕྱིན་ཡོད། དམངས་གཉེར་ཁེ་ལས་ཕྱིར་གཏོང་ནང་འདྲེན་འཕར་བའི་སྟོབས་ཤུགས་གཙོ་བོར་གྱུར་པ་དང་ཁེ་ལས་ཕྱི་ཕྱོགས་ཉོ་ཚོང་ནང་ཞུགས་པའི་སྒུལ་ཤུགས་དེ་བས་སྟོབས་དང་ལྡན་པ་ཞིག་ཡོད་པ་རེད།

ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྤྱིའི་ཆ་ནས་དོ་སྙོམས་རྒྱུན་འཁྱོངས་བྱུང་བ།

ཉོ་ཚོང་རོགས་ཟླའི་སྣ་མང་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཟླ་1པོ་ནས་4པའི་བར། རང་རྒྱལ་གྱིས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ། རི་པིན་སོགས་ཀྱི་ཁྲོམ་ར་གཙོ་བོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཆ་སྙོམས་འཕར་བ་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཕྱོགས་ཧྲིལ་པོ་ལས་མཐོ་བ་ཡོད་པ་རེད།

ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཞིང་། ཟླ་1པོ་ནས་4པའི་བར། རང་རྒྱལ་གྱི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.97ཟིན་ནས་4.5%འཕར་བ་དེས་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་གྱི་58.6%བཟུང་ཡོད།

ཟླ་1པོ་ནས་4པའི་བར། གྱོན་ཆས་དང་། འཁལ་འཐག་ཐོན་རྫས། ཁྱིམ་ཆས། ལྷམ་རིགས། འགྱིག་བཟོས་ཐོན་རྫས། སྒམ་དང་ཀོ་ཁུག རྩེད་ཆས་བཅས་གོང་གསལ་གྱི་རིགས་ཆེ་གྲས་བདུན་གྱི་ངལ་རྩོལ་མང་འདུས་ཅན་གྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དུང་ཕྱུར་9245.4ཟིན་ནས་5.8%འཕར་བ་དེས་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་གྱི་18.3%བཟུང་ཡོད། ལྕགས་རྒྱུ་ཕྱིར་གཏོང་བྱེད་ཚད་ཏུན་ཁྲི་2335ཟིན་ནས་8.3%འཕར་བ་དང་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི་34ཟིན་ནས་1.1%འཕར་ཡོད་པ་རེད།

སྤུས་སྤོར་རིན་གཅོག་གིས་ཁེ་ལས་ཀྱི་ཐོབ་ཚོར་ཆེ་རུ་བཏང་བ།

བསྡོམས་རྩིས་གྲངས་གཞི་ལས་མངོན་དོན། ཟླ་1པོ་ནས་4པའི་བར། ཡོ་རོབ་མནའ་འབྲེལ་དེ་རང་རྒྱལ་གྱི་ཉོ་ཚོང་རོགས་ཟླ་ཆེ་གྲས་དང་པོར་གྱུར་པ་དང་། ཡོ་རོབ་དབུས་མའི་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.5ཟིན་ནས་11.8%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་གྱི་15.7%བཟུང་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་རང་རྒྱལ་གྱི་ཉོ་ཚོང་རོགས་ཟླ་ཆེ་གྲས་གཉིས་པ་དེ་ཡིན་པས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.28ཟིན་ནས་9%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་གྱི་13.4%བཟུང་ཡོད། དེའི་ནང་རང་རྒྱལ་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་7143.5ཟིན་ནས་13.4%འཕར་བ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་5621.3ཟིན་ནས་3.8%འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།