ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས5.3%འཕར་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར72651ཟིན་པ་དེ་དུས་མཚུངས་ལས5.3%འཕར་ཡོད་པ་རེད།

དེའི་ནང་ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར34667ཟིན་པ་དེ་དུས་མཚུངས་ལས4.3%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་རིམ་པ་དེ་གའི་ཡོང་འབབ་སྒོར་དུང་ཕྱུར37984ཟིན་པ་དེ་དུས་མཚུངས་ལས6.1%འཕར་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར63692ཟིན་པ་དེ་དུས་མཚུངས་ལས4.6%འཕར་བ་དང་། ཁྲལ་བསྡུ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར8959ཟིན་པ་དེ་དུས་མཚུངས་ལས10.3%འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།