ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས2019ལོར་ཞིང་ལས་ཀྱི་བརྒྱུད་རིམ་ཧྲིལ་པོར་མི་མེད་རྨོ་འདེབས་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་ཧེ་ལུང་ཅང་པེ་ཏ་ཧོང་ཐང་ཆེན་ཞིང་སྦོལ་ཚོགས་པ་ཅན་སན་ཅང་ཡན་ལག་ཀུང་སིའི་དམར་སྲུང་ཞིང་རའི་ཆུ་ཞིང་ནང་མི་མེད་ས་སྙོམས་འཕྲུལ་འཁོར་དང་། མི་མེད་ལྗང་འཛུགས་འཕྲུལ་འཁོར། མི་མེད་སྨན་གཏོར་གནམ་གྲུ་བཅས་ཀྱིས་མི་མེད་དཔྱིད་རྨོད་ཀྱི“སྤྱིའི་ལས་འགུལ”སྤེལ་བ་རེད།

ཚན་ཞིབ་ཁང་དང་སུའོ་དང་ཁེ་ལས་མང་པོ་ཞིག་ལས་གྲུབ་པའི་རིག་ནུས་ཅན་གྱི་ཞིང་འཕྲུལ་ཚོགས་པ་ཉིན་དེའི་ཚོད་ལྟའི་ནང་ཞུགས་པ་དང་མི་མེད་ཞིང་འཕྲུལ་སྣ་ཚོགས་ཀྱིས་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་ལ་བརྟེན་པ་མ་ཟད། ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་དང་ཚོད་འཛིན་ཡོ་ཆས་སྤྱད་དེ་མི་མེད་འཕྲུལ་འཁོར་གྱི་རྨོ་འདེབས་ལས་དོན་སྤེལ་བ་རེད།

དམར་སྲུང་ཞིང་རའི་ཆུ་ཞིང་ནང་མི་མེད་ལྗང་འཛུགས་འཕྲུལ་འཁོར6གིས་ལྗང་པ་འཛུགས་བཞིན་ཡོད། དམར་སྲུང་ཞིང་རའི་འབྲེལ་ཡོད་འགན་འཁུར་བས་དེ་སྔ་ལྗང་འཛུགས་འཕྲུལ་འཁོར་ལ་འཕྲུལ་འཁོར་གཏོང་མཁན་གཅིག་དང་གཞོགས་གཉིས་ནས་ལྗང་པ་འཛུགས་མཁན་གཉིས་དགོས་ཀྱི་ཡོད། ད་ཆ་མི་མེད་ལྗང་འཛུགས་འཕྲུལ་འཁོར་དེར་ལྗང་པ་འཛུགས་མཁན་གཅིག་ལས་མི་དགོས་པས་མི་གཉིས་ཀྱི་ངལ་རྩོལ་ནུས་ཤུགས་གྲོན་ཆུང་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་འཕྲུལ་ཆས་ཅན་དོ་དམ་སིའི་ཚན་རྩལ་ཁྱབ་གདལ་ཁྲུའི་ཁྲུའུ་ཀྲང་ལིའུ་ཞའོ་ཝུའེ་ཡིས། ཕྱི་རྒྱལ་གྱི་ཞིང་འཕྲུལ་འཕེལ་རྒྱས་རིག་ནུས་ཅན་གྱི་དུས་མཚམས་སུ་སླེབས་པ་དང་ཟོག་འགྲེམས་དྲ་བ་དང་། སྤྲིན་རྩིས། གྲངས་གཞི་ཆེ་མོ་སོགས་ཀྱི་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་སྦྲཌ་རང་རྒྱལ་གྱི་སྲོལ་རྒྱུན་ཞིང་ལས་རྨོ་འདེབས་དེ་གྲངས་འཛིན་ཅན་དང་། རིག་ནུས་ཅན། གནད་སྨིན་ཅན་བཅས་ཀྱི་ཕྱོགས་སུ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད་ཅེས་བརྗོད།

ཀྲུང་གོ་འཁོར་ཐོག་ཆ་འཕྲིན་ཞབས་ཞུའི་ཐོན་ལས་ཉེར་སྤྱོད་མནའ་འབྲེལ་དྲུང་ཆེ་ཕང་ཁྲུན་ལིན་གྱིས་ཞིང་ལས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་མེད་རྨོ་འདེབས་ཚོད་ལྟའི་ཅན་སན་ཅང་རྣམ་གྲངས2025ལོ་བར་རྒྱུན་མཐུད་རྒྱུ་དང་། གཙོ་བོ་ཀླུང་ཐང་ས་ཁུལ་གྱི་ཆུ་འབྲས་འདེབས་འཛུགས་ཀྱི་མི་མེད་རྨོ་འདེབས་ཀྱི་ཚོད་ལྟའི་ལས་འགན་འཁུར་རྒྱུ་དང་མི་མེད་འདྲུད་འཐེན་འཁོར་ལོ་དང་། ལྗང་འཛུགས་འཕྲུལ་འཁོར། རྫས་ལུད་སྨན་གཏོར་གནམ་གྲུ། བརྔ་བསྡུའི་འཕྲུལ་འཁོར་སོགས་ཀྱི་ནུས་པ་དང་། ཕན་ནུས། བློས་འགེལ་རང་བཞིན། བརྟན་པོའི་རང་བཞིན། མཁོ་སྤྲོད་འབྲེལ་ཐག་སོགས་ཀྱི་འདུ་འགོད་ཅན་གྱི་གནད་དོན་འཐུས་སྒོ་ཚང་དུ་གཏོང་བ་དང་ཐག་གཅོད་བྱས་ཏེ་2020ལོར་ཚོང་ལས་ཅན་གྱི་བཀོལ་སྤྱོད་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།