ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྲིད་པུས་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་ཀྱི་དྲ་བ9དང་དེའི་སྤྱི་ཚོགས་ཀྱི་འབྲེལ་གཏུག་ཨང་རྟགས་མེད་པར་བཟོས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་དམངས་སྲིད་པུའུ་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་སྔར་བས་བརྟན་དུ་གཏོང་བ་དང་། ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་དྲ་བའི་བྱེད་སྒོའི་རྨང་གཞི་མེད་པར་བཟོ་བ། དྲ་ཐོག་དྲ་ཕྱིའི་བཅོས་སྒྲིག་ཆ་ཚང་བ་ཞིག་ཆགས་པ། དྲ་བའི་བར་མཐོངས་ཁྲིམས་མཐུན་བཅས་ཡོང་ཆེད། ཉིན་ཤས་གོང་། དམངས་སྲིད་པུས་དྲ་འཕྲིན་གཞུང་ལས་ཁང་དང་གློག་འཕྲིན་གཙོ་གཉེར་སྡེ་ཚན་དང་མཉམ་དུ་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་དྲ་བ9་དང་དེའི་སྐད་འཕྲིན་སྤྱི་རྟགས་དང་དཔོད་ཆུང་ཨང་རྟགས་ཁྲིམས་བཞིན་མེད་པར་བཟོས་པ་རེད།

ཉེ་ཆར། དམངས་སྲིད་སྡེ་ཚན་ལ་མང་ཚོགས་ཀྱི་ཐེར་འདོན་འབྱོར་ནས་མེད་པར་བཟོས་ཟིན་པའི་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་དྲ་བ་ཁག་གཅིག་གིས་སྔར་བཞིན་ལས་གཉེར་བྱེད་པ་ཤེས་རྟོགས་བྱུང་བར། དམངས་སྲིད་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྡུང་རྡེག་ཚ་ནན་བཏང་ནས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཤིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《དྲ་སྦྲེལ་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཀྲུང་གོའི་ཉི་འོད་ཚ་ནུས་བེད་སྤྱོད་ཐོན་ལས་མནའ་འབྲེལ་དང་། ཀྲུང་གོའི་ཇུས་འགོད་སྟོབས་ཤུགས། འཛམ་གླིང་ཧན་ཧྲེང་རེ་ནན་ཚོགས་པ། རྒྱལ་སྤྱིའི་དངུལ་ཚབ་མཉམ་འབྲེལ་ཚོགས་པ། ཀྲུང་ཧྭ་མི་རིགས་རིག་གནས་སྒྱུ་རྩལ་ཁང་། འཛམ་གླིང་ས་དཔྱད་མཉམ་འབྲེལ་ཚོགས་པ། ཀྲུང་གོ་ཁེ་ཅཱ་མ་བྱན་མཐུན་ཚོགས། ཀྲུང་གོ་གཅེས་སེམས་ཆེ་མོའི་མནའ་འབྲེལ། ཀྲུང་གོའི་ཁྲོམ་རའི་རིན་གོང་འཐབ་ཇུས་ཞིབ་འཇུག་ཁང་སོགས་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་དྲ་བ་9དང་དེའི་སྐད་འཕྲིན་སྤྱི་རྟགས་དང་དཔོད་ཆུང་ཨང་རྟགས་མེད་པར་བཟོས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།