ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་པེ་ཅིན་ནས་འཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས9ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཞུའུ་ལེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ཟླ5བའི་ཚེས15ཉིན་པེ་ཅིན་ནས་གཟབ་རྒྱས་ངང་འཚོགས་འགོ་རྩོམ་རྒྱུ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་འགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་ཡིན་པར་མ་ཟད་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རེད། ཁམ་ཕུ་ཁྲེ་དང་ཞི་ལ། སིང་ག་ཕོར། སི་རི་ལན་ཁ། ཡ་མེ་ཉི་ཡ་སོགས་རྒྱལ་ཁབ་ཀྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ་དང་མོང་གོལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་ཚོགས་ཆེན་ལ་ཞུགས་རྒྱུ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཞེ་བདུན་དང་དེ་མིན་རྒྱལ་ཁབ་གཞན་པའི་འཐུས་མི་ཡང་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རྒྱུ་རེད།

ཨེ་ཤ་ཡའི་དཔལ་ཡོན་གྲོས་མོལ་ཚོགས་ཆེན་ནི་ད་ལོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་དང་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུ་བསྡུས་རྗེས། ཀྲུང་གོས་སྤེལ་བའི་ཕྱི་འབྲེལ་བྱ་འགུལ་གལ་ཆེན་ཞིག་ཡིན་པ་དང་དེ་ལ་མཚོན་བྱེད་ཀྱི་དོན་སྙིང་ལྡན་པའི་རྒྱལ་སྤྱིའི་ཚོགས་ཆེན་ཞིག་ཡིན། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ཨེ་ཤ་ཡའི་ཤེས་རིག་བརྗེ་རེས་དང་དཔྱད་གཞིར་འཛིན་པ་དང་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་འཛུགས་སྐྲུན་བྱེད་ཅེས་པ་དེ་ཡིན་ལ། ནང་དོན་གཙོ་བོ་ནི་དགའ་བསུའི་གསོལ་སྟོན་དང་ཚོགས་འགོ་བརྩམས་པའི་མཛད་སྒོ། གླེང་སྟེགས་ཚོགས་འདུ།  ཨེ་ཤ་ཡའི་དཔལ་ཡོན་གཟའ་འཁོར་སོགས་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།