ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཧན་གོ་རྒྱལ་ཚོགས་ཀྱི་གྲོས་དཔོན་ཝུན་ཞི་ཞང་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124463845_15572435374031n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོ་རྒྱལ་ཚོགས་ཀྱི་གྲོས་དཔོན་ཝུན་ཞི་ཞང་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་ཀྱི་གྲོགས་པོ་གཙོ་བོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཝུན་ཙེ་ཡན་རྣམ་གཉིས་ཀྱིས་དངོས་སུ་འགོ་ཁྲིད་བྱས་འོག ཀྲུང་གོ་དང་ཧན་གོའི་འབྲེལ་བས་གནས་སྐབས་ཀྱི་དཀའ་ཁག་ཁྱད་དུ་བསལ་ཏེ་བསྐྱར་གསོ་འཕེལ་རྒྱས་མངོན་འགྱུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་རབ་དང་རིམ་པ་དངོས་འབེབས་བཟང་བོ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་སྲུང་འཛིན་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་བྱ་བར་དོ་སྣང་ཆེན་པོ་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡིད་ཆེས་རྨང་གཞི་སྲ་བརྟན་དུ་བཏང་ནས། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཡུན་རིང་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་ཧན་གོ་རྒྱལ་ཚོགས་ཀྱིས་ཕྱོགས་གཉིས་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་སྲུང་འཛིན་བྱས་ཏེ། ཕན་ཚུན་གྱི་སྲིད་ཇུས་རྒྱུས་ལོན་དང་ཕན་ཚུན་ལ་ཡིད་ཆེས་བྱེད་པར་ནུས་པ་ཆེན་པོ་བཏོན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབྲེལ་འདྲིས་དང་འགྲོ་འོང་སྲུང་འཛིན་བྱེད་པ་དང་།  ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བའི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཝུན་ཞི་ཞང་གིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག དེང་སྐབས་ཧན་གོ་དང་ཀྲུང་གོའི་འབྲེལ་བ་དེ་བརྟན་འཇགས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཡང་བསྐྱར་ཞུགས། ཧན་གོ་རྒྱལ་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཕྱོགས་གཉིས་བར་གྱི་བརྗེ་རེས་གྲོས་མོལ་ཇེ་མང་དུ་བཏང་ནས། ཧན་གོ་དང་ཀྲུང་གོའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་བྱ་བ་གང་མང་བསྒྲུབ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།