ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་གིས《དམག་དོན་ལས་རིགས་སློབ་གསོར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་གིས་ཉིན་ཤས་གོང《དམག་དོན་ལས་རིགས་སློབ་གསོར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ་རེད།

《བསམ་འཆར》ནང་བཏོན་དོན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་གཏིང་ཟབ། དམག་འཐབ་ཆེད་དམག་སྦྱོང་དང་དམག་འཐབ་ལ་བརྟེན་ནས་འཇོན་ཐང་སྦྱོང་རྒྱུ་མཐའ་འཁྱོངས། ལས་གནས་གཙོ་ཁྲིད་དང་མཉམ་འདྲེས་སྒོ་དབྱེ་མཐའ་འཁྱོངས། དམག་ཡོངས་ལ་ཁྱབ་པ་དང་གཙོ་གནད་གཅིག་སྡུད་མཐའ་འཁྱོངས། སྤྱི་གློད་ཟུང་འབྲེལ་དང་རང་བརྟེན་མངོན་གསལ་མཐའ་འཁྱོངས། དོ་དམ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གསོ་སྦྱོང་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ། འཁོར་སྐྱོད་བྱེད་ཐབས་གསར་གཏོད། ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དྲ་མིག་ཅན་དང་། སྒོ་དབྱེ་ཅན། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་དམག་དོན་ལས་རིགས་སློབ་གསོའི་མ་ལག་བསྐྲུན་དགོས།

《བསམ་འཆར》ནང་བཏོན་དོན། གཙོ་བོ་ཕྱོཌ་བདུན་དང་བྱེད་ཐབས་དོན་ཚན་26བཏོན་ནས་དམག་དོན་ལས་རིགས་སློབ་གསོར་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་དང་རྩ་བའི་བླང་བྱ་ཚད་ལྡན་དུ་བཏང་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།