ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་མ་ལེ་ཞ་ཡའི་ཙུང་ལི་དང་ཝུའུ་ཚི་པེ་ཁི་སི་ཐན་གྱི་ཙུང་ཐུང་། སོ་སི་ཁྲུ་རི་ཡའི་ཙུང་ལི། ལའོ་ཝུའོ་ཡི་ཀྲུའུ་ཞི་བཅས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མ་ལེ་ཞི་ཡའི་ཙུང་ལི་མ་ཧྭ་ཏེ་ཨེར་དང་ཝུའུ་ཚི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨེར་ཅི་ཡུའེ་ཡེ་ཧྥུའུ། ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨེར་ཚི། ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་བཅས་ལ་མཇལ་འཕྲད་གནང་།

མ་ཧྭ་ཏེ་ཨེར་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་ནི་ཁྱིམ་མཚེས་བཟང་བོ་དང་མཉམ་ལས་ཀྱི་གྲོགས་པོ་ཡིན་ལ། ཉེ་བའི་ལོ་འགའི་རིང་ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དེ་གཙོ་ཐིག་ཏུ་བྱས་ནས། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བས། གྲུབ་འབྲས་གཡུར་དུ་ཟ་བ་བླངས།

ཀྲུང་གོས་མ་ལེ་ཞི་ཡ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་དང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་གྲུབ་འབྲས་ལག་བསྟར་བཟང་བོ་བྱས་ཏེ། ཕྱོགས་གཉིས་ཀྱི་ཞིང་ལས་དང་ཉྭ་ལས། གློག་རྡུལ་གསར་གཏོད། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད།  ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་མུ་མཐུད་དུ་མ་ལེ་ཞི་ཡའི་རྒྱལ་ཚོགས་བར་གྱི་མཛའ་བརྩེའི་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་འཛུགས། ལྟ་སྐུལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་སློབ་སྦྱོང་སྤེལ་ནས། ཀྲུང་གོ་དང་མ་ལེ་ཞི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མིས་ཨེར་ཅི་ཡུའེ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཝུའུ་ཚི་པེ་ཁི་སི་ཐན་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོན་པོའི་འཕེལ་རྒྱས་སུ་སོང་བ་དང་། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་བདེ་བླག་ངང་སྤེལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་ནས། གྲོས་གཞི་གལ་ཆེན་དང་རྒྱུད་གཅིག་ལམ་གཅིག་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། ཀྲུང་གོ་དང་ཝུའུ་ཚི་པེ་ཁི་སི་ཐན་གྱིས་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པའི་ཐད་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་ལྡན་པ་མ་ཟད། གོ་སྐབས་གསར་བ་འདོན་སྤྲོད་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་ལག་བསྟར་ནན་མོ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་སྒྲོམ་གཞི་འོག་གི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འོས། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཝུའུ་ཁི་པེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཚོགས་ཁྲིམས་འཛུགས་ཁང་བར་གཞོགས་འདེགས་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དང་གཉིས་ཕན་མཉམ་ལས་ཐད་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། ཀྲུང་གོ་དང་ཝུའུ་ཚི་པེ་ཁི་སི་ཐན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨོ་སི་ཁྲུ་རི་ཡའི་ཙུང་ཁུའུ་ཨེར་ཚི་དང་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྱེད་རྒྱལ་ཁབ་ཀྱི་ཙུང་ཐུང་གཉིས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་མཛའ་བརྩེའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གནས་ཐིག་གསར་བ་གཏན་ཁེལ་བྱས་པ་དང་། ཚེས་ཉེར་དྲུག་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གནང་ནས། རྒྱུད་གཅིག་ལམ་གཅིག་ཐད་ནས་སྒོ་འབྱེད་དང་ལྗང་མདོག དྭངས་གཙང་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཚད་གཞ་མཐོན་པོ་དང་དམངས་ཚིས་ལ་ཕན་འདོགས་པ། རྒྱུན་མཐུད་ཆོག་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུའི་རེ་བ་བཏོན་ལ། ཀྲུང་གོས་ཨོ་སི་ཁྲུ་རི་ཡ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་དང་སྐབས་འདིའི་གླེང་སྟེགས་ཀྱི་གྲུབ་འབྲས་ལག་བསྟར་བཟང་བོ་བྱེད་འདོད་ཡོད་ཟེར།

པུན་དབྱང་ལ་མཇལ་འཕྲད་གནང་སྐབས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་པུན་དབྱང་གཉིས་ཀྲུང་གོ་དང་ལའོ་ཝུའོ་ཡི་འབྲེལ་བའི་སྣེ་ཁྲིད་པ་ཡིན་པའི་ཆ་ནས། ཏང་ཡོངས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཆེས་བཟང་བོར་ཞུགས་པར་སྣེ་ཁྲིད་བྱེད་འོས། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཀྱིས་ལའོ་ཝུའོ་ཡི་རྒྱལ་ཚོགས་དང་མཉམ་དུ་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་འགྲོ་འོང་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།