ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190425100708ldTP.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་ཉེར་བཞིའི་ཉིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལི་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་། ཝང་དབྱང་གིས་གསུང་རྒྱུར། ཀྲུང་གོ་དང་ཨ་སེ་པེ་ཅང་རྒྱལ་ཁབ་གཉིས་ནི་སྲོལ་རྒྱུན་མཛའ་མཐུན་གྱི་མཉམ་ལས་གྲོགས་པོ་ཡིན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། དེ་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་གྲུབ་འབྲས་ཕུན་སུམ་ཚོགས་པའི་མཇལ་འཕྲད་གནང་བ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་རིམ་པ་མཐོ་བའི་སྐས་རིམ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་ཐུབ། ཨ་སེ་པེ་ཅང་ནི་ཆེས་སྔ་མོར་རྒྱུད་གཅིག་ལམ་གཅིག་གྲོས་གཞིའི་ཁྲོད་ཞུགས་པའི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་རིམ་པ་བཞིན་གྲུབ་འབྲས་མང་པོ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་སེ་པེ་ཅང་ཕྱོགས་དང་མཉམ་དུ་ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ཧུར་ཐག་གིས་ལག་བསྟར་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་གོ་སྐབས་ཆེན་པོ་དམ་འཛིན་བྱེད་པ། ཀྲུང་གོ་དང་ཨ་སེ་པེ་ཅང་བར་གྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཨ་ལི་ཡེ་ཧྥུའུ་ཡིས་བསྟན་དོན། ཨ་སེ་པེ་ཅང་དང་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ལེགས་ནས་ཇེ་ལེགས་ཡིན་པ་དང་རྒྱལ་སྤྱིའི་གནད་དོན་སྟེང་ནས་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་ཡོད། ཨ་སེ་པེ་ཅང་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལག་བསྟར་བྱེད་པར་རང་ཉིད་ཀྱིས་འདོན་འོས་པའི་བྱས་རྗེས་འཇོག་རྒྱུ་ཡིན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཐད་ནས་རྒྱུན་ཆད་མེད་པར་འཕེལ་རིམ་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝན་ཀང་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།