ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ཐུང་དང་ཨ་སེ་པད་ཅང་གི་ཙུང་ཐུང་སོགས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོ་ཙམ་པི་ཁེ་ཡི་ཙུང་ཐུང་ཉིག་ཞི་དང་ཨ་སའེ་པད་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས། འབར་མའི་རྒྱལ་དོན་ཙི་ཀྲིན་ཨང་ཧྲན་སུའུ་ཅི། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ལཱ་ཅ་ཏི་བཅས་ལ་མཇལ་འཕྲད་གནང་།

མོ་ཙམ་པི་ཁེ་ཡི་ཙུང་ཐུང་ཉིག་ཞི་ལ་མཇལ་འཕྲད་གནང་སྐབས། ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་སྐུ་ཞབས་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་སུ་ཡོང་བར་དགའ་བསུ་ཞུས་པ་ཡིན། སྐབས་འདིའི་གླེང་སྟེགས་སྟེང་། རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣས་མཉམ་གྲོས་མཉམ་འཛུགས་དང་མཉམ་སྤྱོད་ཀྱི་རྩ་དོན་གཞིར་བཟུང་ནས། འཕེལ་རྒྱས་ཀྱི་སྲིད་ཇུས་སྦྲེལ་མཐུད་དང་རྨང་གཞི་སྒྲིག་ཆས་ཀྱི་མཉམ་འབྲེལ་མཉམ་མཐུད། རྒྱུན་མཐུད་འཕེལ་རྒྱས་སོགས་ཀུན་གྱིས་སེམས་ཁུར་བྱེད་པའི་གླེང་གཞི་ལ་གྲོས་སྡུར་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་རེད། མོ་ཙམ་པི་ཁེ་ནི་གནའ་བོའི་མཚོ་ཐོག་གི་དར་གོས་ཚོང་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་ཁྲོད་ཞུགས། ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་འཆར་གཞི་སྤེལ་བའི་ལྟ་ཚུལ་གཅིག་མཐུན་བྱུང་བ་དང་། གཉིས་ཕན་མཉམ་ལས་ཀྱི་སྤུས་ཚད་ཇེ་ལེགས་དང་ཕན་འབྲས་ཇེ་ཆེར་གཏོང་བར་འབད་འཐབ་བྱེད་པ། མི་གཞུང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་མོ་ཙམ་པི་ཁེའི་བློ་མཐུན་དང་སྤུན་ཟླའི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་མ་ཆད་པར་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཟེར།

ཨ་སེ་པད་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་བསྟན་དོན། ཨ་སེ་པད་ཅང་ནི་ཀྲུང་གོའི་ཡ་གླིང་དང་ཡོ་རོབ་གླིང་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་ལ། ཆེས་ཐོག་མར་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ལེན་བྱེད་པ་དང་དེའི་ཁྲོད་ཞུགས་པའི་རྒྱལ་ཁབ་གྲས་ཀྱི་གཅིག་ཀྱང་ཡིན། ཀྲུང་གོ་དང་ཨ་སེ་པད་ཅང་གི་མཉམ་ལས་ཐད་ནས་གྲུབ་འབྲས་རབ་དང་རིམ་པ་བླངས་ནས། རྒྱལ་ཁབ་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་ཨ་སེ་པད་ཅང་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལྟར་འཕེལ་རྒྱས་ཀྱི་བགྲོད་ལམ་འདེམ་པ་དང་། ཨ་སེ་པད་ཅང་གིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བསྒྱུར་བྱེད་ཆེད་འབད་འཐབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཨ་སེ་པད་ཅང་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མདུན་ལྗོངས་ཧ་ཅང་རྒྱ་ཆེ་བ་དང་། ཀྲུང་གོ་དང་ཨ་སེ་པད་ཅང་གཉིས་ཀྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་དེ་གོ་སྐབས་སུ་བརྩི་བ་དང་། འཕེལ་རྒྱས་འཆར་གཞི་སྦྲེལ་མཐུད་བྱེད་པ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རིག་གནས་དང་སློབ་གསོ། ས་གནས་ཀྱི་བརྗེ་རེས་རྒྱ་སྐྱེད་དེ། ཕན་ཚུན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཨ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡ་ནི་ཀྲུང་གོའི་ཧྥེ་གླིང་གི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀས་རང་ཉིད་ཀྱིས་འབད་བརྩོན་ལ་བརྟེན་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་བཏོད། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡས་གཏན་འཇགས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་བསྒྱུར་བྱེད་པའི་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཨེ་སེ་ཨོ་ཕི་ཡའི་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་དོ་སྣང་བྱེད་པའི་གནད་དོན་སྟེང་ནས་མུ་མཐུད་དུ་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་སྤེལ་ནས། ཨེ་སེ་ཨོ་ཕི་ཡས་བཟོ་ལས་ཅན་གྱི་ཆུ་ཚད་དང་ཕྱིར་གཏོང་དང་ཕྱི་དངུལ་གཙང་ལོན་ནུས་པ་མཐོར་འདེགས་བྱེད་པར་རོགས་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་དང་ཧྥེ་གླིང་ཟུར་སྣེ་གནས་བབ་སོགས་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་བརྗེ་རེས་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་ལག་བསྟར་བྱེད་རྒྱུ་དེ་གོ་སྐབས་སུ་བརྩི་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

འབར་མའི་རྒྱལ་དོན་ཙི་ཀྲིན་ཨང་ཧྲན་སུའུ་ཅི་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འབར་མིའི་མཛའ་བརྩེ་ཧ་ཅང་ཟབ་ལ། ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་ཡིན། གནས་བབ་གསར་བའི་འོག ཀྲུང་གོས་འབར་མའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་འབར་མའི་འབྲེལ་བ་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་སང་ལོའི་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཟུང་འབྲེལ་བྱེད་པ་དང་། རིམ་པ་སོ་སོའི་འགྲོ་འོང་དང་མི་གཞུང་བརྗེ་རེས་བཟང་བོར་སྤེལ་བ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་དེ་དམངས་ཚིས་ཁྱབ་ཁོངས་ཐད་ཕྱོགས་ཏེ། ཀྲུང་གོ་དང་འབར་མའི་མཛའ་བརྩེའི་དམངས་འདོད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོས་འབར་མས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། འབར་མ་སྲིད་གཞུང་གིས་རྒྱལ་ནང་གི་ཞི་བདེ་མཐུན་འགྲིག་ཐད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོས་འབར་མའི་བར་གྱི་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞི་ནང་གི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། མཐའ་མཚམས་མི་དམངས་ཀྱི་བདེ་འཇགས་དང་རྒྱུན་ལྡན་གྱི་སྒྲིག་ལམ་འགན་སྲུང་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་འབར་མའི་སྲིད་གཞུང་གིས་ཆེད་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་ལག་བསྟར་འགོ་ཁྲིད་ཨུ་ཡོན་ལྷན་ཁང་བཙུགས་པར་མ་ཟད། རྒྱལ་དོན་ཙི་ཀྲིན་གྱིས་དངོས་སུ་ཀྲུའུ་ཞི་ཡི་འགན་ཁུར་བར་བསྔགས་བརྗོད་མཐོན་པོ་བྱེད་ཀྱིན་ཡོད། ཀྲུང་གོས་འབར་མའི་བར་གྱི་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞི་ནང་གི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་མྱུར་དུ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་སྔར་ལས་མང་པོ་བསྐྲུན་འདོད་ཡོད་ཟེར།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ལཱ་ཅ་ཏི་ལ་མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཚའེ་ལཱ་ཅ་ཏི་ཡིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དེར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་བར་གྱི་འབྲེལ་བ་བཟང་བོར་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ད་ལྟ་རྒྱལ་ཁབ་སྔར་ལས་མང་པོ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཞུགས་པ་དང་། དེས་རྒྱུད་གཅིག་ལམ་གཅིག་ནི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ལ། མི་ཡོངས་འཐད་པ་བྱུང་ཡོད་པ་མཚོན་ཐུབ། ང་ཚོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་སོགས་རྒྱལ་སྤྱིའི་ལས་ཁུངས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་པ་དང་། མཉམ་ལས་དེ་བརྒྱུད་དེ། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་རྒྱལ་ཁབ་ལ་སྤྱི་ཐུན་ཐོན་རྫས་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།