ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི“དྲ་སྦྲེལ་+ལྟ་བཤེར” ལས་སྟེགས་ཤར་གཏོང་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་དོ་ཁུར་ལ་མགྱོགས་མྱུར་དང་ནུས་ལྡན་ངང་ལན་འདེབས་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱ་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“དྲ་སྦྲེལ་+ལྟ་བཤེར”གྱི་ལས་སྟེགས་ཤར་གཏོང་བྱས་ཏེ་སྤྱི་ཚོགས་ལ་ཕྱོགས་ནས་ཕྱོགས་བཞིའི་ཐད་ཀྱི་གནད་དོན་གྱི་ཁུངས་སྣེའམ་ཡང་ན་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་སྟེ། གཅིག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་དང་སྲིད་ཇུས་བྱ་ཐབས་དོན་འཁྱོལ་མ་བྱུང་བའམ་ཡང་ན་དོན་འཁྱོལ་གནད་ལ་མི་འཁེལ་བའི་གནད་དོན་གྱི་ཁུངས་སྣེ་དང་། གཉིས་ནི་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཡི་དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བའི་གནད་དོན་གྱི་ཁུངས་སྣེ། གསུམ་ནི་སྲིད་ཇུས་བྱེད་ཐབས་མཐུན་སྦྱོར་མ་བྱུང་བ་དང་། ལེ་ལག་མི་ཚང་བ། འཐུས་སྒོ་མི་ཚང་བ་བཅས་ཀྱིས་རྐྱེན་པས་ཁྲོམ་རའི་བྱེད་པོ་དང་མི་དམངས་མང་ཚོགས་ལ་དཀའ་ངལ་བཟོས་པའི་གནད་དོན་གྱི་ཁུངས་སྣེ། བཞི་ནི་སྲིད་གཞུང་གི་ལས་དོན་ལེགས་བཅོས་བྱེད་པའི་བསམ་འཆར་དང་གྲོས་འགོ་བཅས་རེད།

ཁེ་ལས་དང་མང་ཚོགས་ཀྱིས་ཀྲུང་གོའི་སྲིད་གཞུང་དྲ་བ(www.gov.cn)འམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུད་སྣེ་ཕབ་ལེན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“དྲ་སྦྲེལ་+ལྟ་བཤེར”གྱི་ཆེད་བསྒྲིགས་ལེ་ཚན་ནང་འཛུལ་ཆོག་ལ་ཀྲུང་གོ་སྲིད་གཞུང་གི་དྲ་བའི་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“དྲ་སྦྲེལ་+ལྟ་བཤེར”གྱི་གོ་རིམ་ཆུང་ངུ་བརྒྱུད་ཁུངས་སྣེ་མཁོ་འདོན་དང་། གནད་དོན་ཤོད་པ། གྲོས་འགོ་འདོན་པ་བཅས་བྱས་ཆོག རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ལག་འབྱོར་བྱུང་བའི་གནད་དོན་གྱི་ཁུངས་སྣེ་དང་བསམ་འཆར་དང་གྲོས་འགོ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ཏེ་འབྲེལ་ཡོད་ས་གནས་དང་སྡེ་ཚན་ལ་ཐག་གཅོད་བྱེད་པའི་ལྕག་སྐུལ་བྱ་རྒྱུ་རེད། ཁེ་ལས་དང་མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་དྲག་པོ་ཡོད་པ་དང་ཡོངས་ཁྱབ་རང་བཞིན་ལྡན་པའི་གནད་དོན་གྱི་ཁུངས་སྣེ་གལ་ཆེན་ཡིན་ཕྱིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ལྟ་བཤེར་ཁང་གིས་ཐད་ཀར་མི་སྣ་མངགས་ནས་ལྟ་བཤེར་བྱ་རྒྱུ་དང་ཞིབ་བཤེར་དཔང་ལེན་བྱས་པ་བརྒྱུད་དོན་དངོས་དང་ཅུང་དཔེ་མཚོན་ཡིན་པའི་གནད་དོན་ཡོངས་བསྒྲགས་ངང་ཐེར་འདོན་དང་ཐག་གཅོད་ནན་པོ་བྱ་རྒྱུ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“དྲ་སྦྲེལ་+ལྟ་བཤེར”བཀོད་སྒྲིག་ལག་བསྟར་ཁ་གསལ་བྱས་པ་དེ་ནི་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་པ་དང་། ལྟ་བཤེར་བྱེད་སྟངས་ལེགས་བཅོས་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་ཐད་འཚོལ་ཞིབ་ཧུར་ཐག་བྱས་པ་ཞིག་ཡིན་ལ“འགོ་བཙུགས་མ་ཐག་ལྟ་བཤེར་བྱེད་པའི”འདུ་ཤེས་གཏིང་ཟབ་ཏུ་གཏོང་བ་དང་། མི་དམངས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུ་བ། ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“དྲ་སྦྲེལ་+ལྟ་བཤེར”ལས་སྟེགས་ལ་བརྟེན་ནས་ལྟ་བཤེར་གྱི་སྟོབས་ཤུགས་དང་ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་ལྟ་བཤེར་གྱི་ཁུངས་སྣེ་དྲ་ཐོག་ཏུ་དུས་ཐོག་ཏུ་འཚོལ་བསྡུ་དང་། སྤྲིན་ཚོགས་རིག་ནུས་དབྱེ་ཞིབ། དྲ་ཐོག་རིགས་དབྱེའི་ཐག་གཅོད། དྲ་ཕྱིར་ལྟ་བཤེར་དག་ཐེར་བཅས་རིམ་བཞིན་མངོན་འགྱུར་ཐུབ་པ་བྱས་ཐོག་སྤྱི་འདོམས་དང་། ཚད་ལྡན། སྟབས་བདེ། ནུས་ཆེ་བཅས་ཀྱི་རྒྱུན་རྣམ་ཅན་གྱི་ལྟ་བཤེར་གྱི་བཀོད་པ་གསར་པ་ཆགས་པ་བྱ་རྒྱུ་རེད། དེས་ཁེ་ལས་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དཀའ་གནད་དེ་བས་ཕྱོགས་ཡོངས་དང་གནད་སྨིན་སྒོ་ནས་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་ཏང་དང་སྲིད་གཞུང་གི་ཁེ་ལས་ལ་ཕན་པའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་རྒྱུར་སྐུལ་མ་ཐེབས་པ་མ་ཟད་གཅིག་སྡུད་ལྟ་བཤེར་གྱི་ཐེངས་གྲངས་ཉུང་དུ་བཏང་ནས་ལྟ་བཤེར་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེར་འགྲོ་རྒྱུར་ཕན་ཐོགས་ནས་ལྟ་བཤེར་གྱི་ཕན་འཕར་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་འགྲོ་བའི་གོ་ཉིས་ཆོད་ཀྱི་ནུས་པ་ཐོན་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།