ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124406493_15560259680641n.jpg

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་དེ། གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་དཔོན་བཅའ་ཁྲིམས་དང་གསར་དུ་བཟོ་བཅོས་བྱས་པའི་ཞིབ་དཔྱོད་དཔོན་པོའི་བཅའ་ཁྲིམས། ཨར་ལས་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁག་བརྒྱད་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཐག་གཅོད་བཅས་ལ་གྲོས་འཆམ་བྱུང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་བརྡས་ཐག་བཅད་དེ་ཀྲུང་གོ་དང་པཱ་པཱ་ཏོ་སིའི་ཉེན་དོན་ཁྲིམས་འཛིན་རོགས་སྐྱོར་སྐོར་གྱི་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཐག་གཅོད་དང་། ཀྲུང་གོ་དང་ཨ་སའེ་པད་ཅང་གཉིས་ཀྱི་ཁྲིམས་ཐག་བཅད་པའི་ཉེས་ཅན་བརྒྱུད་སྤྲོད་དོ་དམ་བྱེད་པའི་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་སྐོར་གྱི་ཐག་གཅོད་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧི་དབྱི་ཁྲིན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ལས་འགན་གྱི་རྩ་དགོངས་རེ་ཞུ་དང་ལེན་བྱེད་པའི་སྐོར་གྱི་ཐག་གཅོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བརྡས་ཐག་བཅད་དེ་བསྐོ་འཐེན་ཇུས་གཞི་གཞན་པར་གྲོས་འཆམ་བྱུང་།

གྲོས་ཚོགས་ཀྱི་འབྲེལ་ཡོད་བརྡས་གཅོད་བྱ་བ་ཡོངས་འགྲུབ་བྱས་རྗེས། ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཐེངས་འདིའི་གྲོས་ཚོགས་སྟེང་བསྡོམས་པས་བཅའ་ཁྲིམས་འཆར་ཟིན་བརྒྱད་ལ་གྲོས་ཞིབ་བྱས་པ་དང་། དེའི་ཁྲོད་ཀྱི་འཆར་ཟིན་གསུམ་ལ་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བའི་ཁྲིམས་དཔོན་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་ཞིབ་དཔྱོད་དཔོན་པོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་དང་ཏང་ཀྲུང་དབྱང་གི་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཆེད་བསྐོས་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་ཟབ་ཏུ་བཏང་ལ། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོ་ཚད་ལྡན་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་སྤེལ་བར་ཕན་འདོགས་ཐུབ། ཚོགས་ཐོག་ནས་གྲོས་འཆམ་བྱུང་བའི་ཨར་ལས་བཅའ་ཁྲིམས་སོགས་བཅའ་ཁྲིམས་བརྒྱད་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཐག་གཅོད་ཀྱིས། དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་བསྒྱུར་དང་སྲིད་གཞུང་གི་འགན་ནུས་བསྒྱུར་བ། ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་རང་བཞིན། སྟབས་བདེ་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་ཕན་འདོགས་ཐུབ། ཚོགས་ཐོག་ནས་སྨན་རྫས་དོ་དམ་བཅའ་ཁྲིམས་ཀྱི་བཟོ་བཅོས་མི་ཟིན་དང་འགོག་སྨན་དོ་དམ་བཅའ་ཁྲིམས་མ་ཟིན་གཉིས་ལ་ཡང་བསྐྱར་གྲོས་ཞིབ་བྱས་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཐེངས་འདིའི་གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2018ལོའི་ཁོར་ཡུག་གནས་བབ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ཡོངས་འགྲུབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། སྨན་པའི་དཔུང་སྡེ་དོ་དམ་གནས་ཚུལ་དང་ལས་གཉེར་སྨན་པའི་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་སྡེ་ཐོན་ལས་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་ཞུ། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱེད་དཀའ་བའི་བྱ་བར་ཞིབ་གཅོད་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པའི་བསམ་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།