ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་དང་བཞུགས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190422090646zZDn.jpg

ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐོར་ཞིག་དང་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ང་བཞི་དང་བཞུགས་མོལ་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཐུས་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཐུས་མིའི་འགན་ནུས་བསྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། འཐུས་མི་ལ་བརྩི་བཀུར་བྱེད་པ་དང་ཞབས་འདེགས་ཞུ་བ། འཐུས་མིའི་ལྟ་སྐུལ་དང་ལེན་བྱེད་པ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ལ་འབྲེལ་འདྲིས་བྱེད་པ་དང་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཀྱི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་ནས། དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་དགེ་མཚན་དང་ཁྱད་ཆོས་མངོན་པར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་བཞུགས་མོལ་ཚོགས་འདུ་ལ་འགོ་མཛིན་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། འཐུས་མི་ཚོས་ལང་ལོང་གིས་གཏམ་བཤད་པ་དང་། འགན་སྒྲུབ་གནས་ཚུལ་དང་ཉམས་མྱོང་ངོ་སྤྲོད་བྱས་པ་མ་ཟད། དམངས་འཐུས་བྱ་བ་དང་ཕྱོགས་གཞན་པའི་ཐད་ནས་བསམ་འཆར་བཏོན། ལིས་ཀྲན་ཧྲུའུ་ཡིས་སེམས་ཞིབ་མོས་ཉན་ཞོར་དུ་འཐུས་མི་ཚོ་དང་བརྗེ་རེས་གཏིང་ཟབ་མཛད། ཁོང་གིས་གསུང་རྒྱུར། འཐུས་མིའི་བཏོན་པའི་གྲོས་གཞི་དང་བསམ་ཚུལ། གྲོས་ཞིབ་གྲོས་གཞི་དེ་དག་རྟོག་ཞིབ་གཏིང་ཟབ་དང་བསམ་གཞིགས་ནན་མོ་བྱས་པའི་རྨང་གཞིའི་སྟེང་བཏོན་པ་ཡིན་ལ། དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཐད་སྐུལ་འདེད་ནུས་པ་གལ་ཆེན་འདོན་ཐུབ་ཟེར།

ལིས་ཀྲན་ཧྲུའུ་ཡིས་འཐུས་མི་ཚོར་ད་ལོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་བྱ་བའི་ཐད་ཀྱི་བཀོད་སྒྲིག་དང་བསམ་གཞིགས་ངོ་སྤྲོད་བྱས། ཁོང་གིས་ནན་གྱིས་བསྟན་དོན། གཞི་གྲངས་ཆེན་པོའི་རྣམ་པ་སྤྱད་དེ་འཐུས་མིའི་གྲོས་གཞི་དང་བསམ་འཆར་ལ་དབྱེ་འབྱེད་དང་དབྱེ་ཞིབ་བྱས་པ་དང་། འཐུས་མིའི་གཅིག་བསྡུས་སྒོས་བཏོན་པ་དང་ལོ་མང་པོར་ཡང་དང་བསྐྱར་དུ་བཏོན་པའི་བསམ་འཆར་བཙལ་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ལེགས་བསྒྱུར་བྱ་བ་སྤེལ། འཐུས་མིའི་གསོ་སྦྱོང་བྱ་བའི་ཕན་འབྲས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། འཐུས་མིའི་དོ་སྣང་བྱེད་ས་དང་འགན་སྒྲུབ་ཀྱི་དགོས་མཁོ་ལ་དམིགས་ནས། གསོ་སྦྱོང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གསོ་སྦྱོང་གི་ནང་དོན་རྒྱ་སྐྱེད་དེ། འཐུས་མིའི་ཁྲིམས་ལྟར་འགན་ནུས་བསྒྲུབ་པའི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། མུ་མཐུད་དུ་འཐུས་མི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཁྲོད་ཞུགས་པའི་ཚད་རྒྱ་སྐྱེད་པ་དང་། འཐུས་མི་འབྲེལ་ཡོད་བཅའ་ཁྲིམས་འཆར་ཟིན་གྱི་མ་ཟིན་འགོད་པ་དང་རིགས་པས་སྒྲུབ་པ། རྟོག་ཞིབ་དང་གྲོས་ཞིབ་བྱ་བ། ཁྲིམས་འཛིན་བརྟག་བཤེར། ཆེད་དོན་རྟོག་ཞིབ་སོགས་བྱ་འགུལ་ཁྲོད་ཞུགས་པར་གདན་ཞུ་བྱས་ཏེ། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་རྣམ་པ་སྤྱད་དེ་འཐུས་མི་ལ་འབྲེལ་འདྲིས་བྱེད་པ་དང་བསམ་འཆར་ལ་ཉན་པར་སྔར་ལས་དོ་སྣང་བྱེད་དགོས། འཐུས་མིའི་བྱ་བའི་རྐྱེན་སྲོལ་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། འཐུས་མིའི་རྟོག་ཞིབ་དང་ལྟ་ཞིབ་སོགས་བྱ་འགུལ་ལ་རྩ་འཛུགས་ཞིབ་མོ་བྱས་ནས། འཐུས་མིའི་འགན་སྒྲུབ་ཀྱི་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།