ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་བས་ཚན་ཆུང་བགར་ཏེ་འབྲེལ་ཡོད་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་བས་ཚན་ཆུང་བགར་ཏེ། ཁྲིམས་དཔོན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་ཞིབ་དཔྱོད་དཔོན་པོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། བཟོ་སྐྲུན་བཅའ་ཁྲིམས་སོགས་བཅའ་ཁྲིམས་བརྒྱད་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས།

ཁྲིམས་དཔོན་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་ཞིབ་དཔྱོད་དཔོན་པོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་ནས་ཚོགས་ཞུགས་མི་སྣས་བཤད་རྒྱུར། བཟོ་བཅོས་འཆར་ཟིན་གཉིས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་ཏེ་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་གྱི་གྲུབ་འབྲས་གསལ་བོར་མཚོན་པར་བྱས་པ་དང་།  ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོའི་དབང་ཆ་དང་འོས་འགན་སོགས་ལ་ཁྱོན་ཡོངས་ནས་བཟོ་བཅོས་འཐུས་ཚང་བྱས་ཡོད་ཟེར།

བཟོ་སྐྲུན་བཅའ་ཁྲིམས་སོགས་བཅའ་ཁྲིམས་བརྒྱད་ཀྱི་བཟོ་བཅོས་འཆར་ཟིན་སྐོར་ནས་ཚོགས་ཞུགས་མི་སྣས་བཤད་རྒྱུར། དབང་གཏོང་དོ་དམ་དང་ཞབས་ཕྱིའི་བཅོས་སྒྱུར་དང་སྲིད་གཞུང་གི་འགན་ནུས་སྒྱུར་བར་སྔར་ལས་སྐུལ་འདེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་ལག་བསྟར་བྱེད་པར་གཞོགས་འདེགས་དམ་པོ་བྱེད་ཆེད། བཟོ་སྐྲུན་བཅའ་ཁྲིམས་དང་མེ་གསོད་བཅའ་ཁྲིམས། གློག་རྡུལ་མིང་བཀོད་བཅའ་ཁྲིམས་སོགས་བཅའ་ཁྲིམས་བརྒྱད་ཀྱི་འབྲེལ་ཡོད་གཏན་ཁེལ་ལ་བཅོས་སྒྱུར་བྱེད་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད་ཟེར།

ཚན་ཆུང་བགར་བའི་གྲོས་ཚོགས་སྟེང་ད་དུང་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།