ཀྲུང་གོ་བོད་ཀྱི་དྲ་བ།

གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཉེས་གསོག་སྔོན་འགོག་ལས་དོན་སྲོལ་ཡིག》ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཉེས་གསོག་སྔོན་འགོག་ལས་དོན་སྲོལ་ཡིག》ཡོངས་བསྒྲགས་བྱས་པ་དང་། 2019ལོའི་ཟླ5ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ལ་དམིགས་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་བྱེད་པ། དམག་གྲབས་དང་དམག་རྒྱག་ལ་ཞབས་འདེགས་ཞུ་རྒྱུར་དམིགས་པ། ཉེས་གསོག་སྔོན་འགོག་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་སྟངས་འཛིན་ནན་པོ་བྱེད་པ། ཉེས་གསོག་སྔོན་འགོག་ལས་དོན་གྱི་གཞི་རྩའི་ལས་འགན་དང་། འགན་འཁྲི་ལས་བགོས། བྱེད་ཐབས་གཙོ་བོ། ལས་ཀའི་ལམ་ལུགས། གཙོ་གནད་འགོག་ཟོན་བཅས་བྱ་རྒྱུ་ཚན་རིག་དང་མཐུན་པའི་ངང་ཚད་ལྡན་དུ་གཏོང་བ་བཅས་བྱས་ཡོད་པ་དང་། དེ་དམག་དཔུང་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། དམག་འཐབ་ནུས་པ་བརྟན་གཏོང་དང་ཆེར་གཏོང་། ལས་ཀའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བཅས་བྱེད་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།

གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》དེ་སྤྱིའི་རྩ་དོན་དང་། འགན་འཁྲི། བྱེད་ཐབས་གཙོ་བོ། ལས་ཀའི་ལམ་ལུགས། ལས་ཀའི་གཙོ་གནད། དམག་འཐབ་བྱེད་སྐབས་ཀྱི་ཉེས་གསོག་སྔོན་འགོག་ལས་དོན། བྱ་དགའ་དང་ཆད་གཅོད། ཞར་བྱུང་དོན་ཚན་བཅས་ཁྱོན་ལེའུ8དང་དོན་ཚན94ལ་ཕྱེ་བས་དཔུང་སྡེའི་ཉེས་གསོག་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་གཞི་འཛིན་ས་ཞིག་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།