ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་སྐབས་བཅུ་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་བདུན་པའི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་མར་སུན་འགྲན་བསྡུར་ཐེན་ཅིན་དུ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཚེས13ཉིན། རྒྱལ་ཡོངས་ཀྱི་སྐབས་བཅུ་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་བདུན་པའི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་གྱི་རྣམ་གྲངས་ཐོག་མ་སྟེ་མཆོང་རྒྱུག་འཕེན་གསུམ་གྱི་མར་སུན་འགྲན་བསྡུར་ཐེན་ཅིན་ཝུའུ་ཆིང་ནས་རྒྱུག་འགོ་ཚུགས་པ་དང་འབྲེལ2019ལོའི་ཐེན་ཅིན་གྱི་མར་སུན་འགྲན་བསྡུར་དང་མཉམ་དུ་སྤེལ་རྒྱུ་རེད། རྒྱལ་ཡོངས་ཀྱི་སྐབས་བཅུ་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་བདུན་པའི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ཐོག་མ་དེ་ཡིན་པའི་ངོས་ནས་ཐེངས་འདིའི་མར་སུན་འགྲན་བསྡུར་ནི་ལམ་ཐག་ཧྲིལ་པོའི་མར་སུན་འགྲན་བསྡུར་ཡིན་པ་དང་། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ79ཡི་དབང་སྐྱོན་རིགས་མི་འདྲ་བར་གཞིགས་ནས་ཁྱོན་ཚོགས་ཆུང8དུ་དབྱེ་བ་དེའི་ཁྲོད་ཚོགས་ཆུངT12ལ་མི16དང་། ཚོགས་ཆུངT46ལ་མི10། ཚོགས་ཆུངT54ལ་མི30། འོན་པའི་ཚོགས་ཆུང་ལ་མི23བཅས་ཡོད་པ་རེད།

གསར་འགོད་པས་ཐེན་ཅིན་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྐབས་བཅུ་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་བདུན་པའི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་2019ལོའི་ཟླ8པར། ཐེན་ཅིན་དུ་འགོ་འཛུགས་རྒྱུ་ཡིན་པ་དང་། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་རྒྱུན་གཏན་བཞིན་སྤེལ་བའི་དབྱར་དུས་ཀྱི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དང་འོན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཕུད། ད་དུང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དང་འོན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཐོག་མར་ཁྱབ་གདལ་གཏོང་རྒྱུའི་ནང་འཁྱགས་ལྡིར་དང་། བྱེས་བགྲོད་གངས་ཤུད། དགུན་དུས་ཀྱི་རྣམ་གྲངས་གཉིས། རི་མཐོའི་གངས་ཤུད། པང་ལེབ་རྐྱང་པའི་གངས་ཤུད། དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འཁྱགས་འདྲེད་སྤོ་ལོ་བཅས་ཚུད་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་སྔ་རོལ་དུ་གཉེར་བའི་འགྲན་བསྡུར་ནང་བཞུགས་པའི་མི་གྲངས་མང་ཤོས་དང་། འགྲན་བསྡུར་རྣམ་གྲངས་མང་ཤོས། རིམ་པ་མཐོ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་བསྡུར་ཞིག་རེད། དབྱར་དུས་ཀྱི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་དང་འོན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས19དང་། དགུན་དུས་ཀྱི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དང་འོན་པའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས6། དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས9། དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས9བཅས་ཁྱོན་འགྲན་བསྡུར་རྣམ་གྲངས་ཆེ་མོ43ཡོད་པ་དང་ཐེན་ཅིན་གྲོང་ཁྱེར་གྱིས་དེའི་ཁྲོད་ཀྱི་རྣམ་གྲངས33སྒྲུབ་འགན་འཁུར་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།