ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་རང་བྱུང་ཐོན་ཁུངས་མ་རྩའི་ཐོན་དབང་ལམ་ལུགས་བཅོས་སྒྱུར་ལ་གཅིག་གྱུར་འཆར་འགོད་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་རང་བྱུང་ཐོན་ཁུངས་མ་རྩའི་ཐོན་དབང་ལམ་ལུགས་བཅོས་སྒྱུར་ལ་གཅིག་གྱུར་འཆར་འགོད་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས། བསམ་འཆར་ལས་བསྟན་དོན། རང་བྱུང་ཐོན་ཁུངས་མ་རྩའི་ཐོན་དབང་ལམ་ལུགས་མྱུར་དུ་ཆ་ཚང་དུ་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མ་ལག་ཆ་ཚང་དང་ཚན་རིག་དང་མཐུན་པའི་ཚད་ལྡན། འཁོར་སྐྱོད་ནུས་ལྡན་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བྱུང་ཐོན་ཁུངས་མ་རྩའི་ཐོན་དབང་ལམ་ལུགས་མ་ལག་མྱུར་དུ་གསར་སྐྲུན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་འདྲམ་མཉམ་དང་དྲང་བཞག་སྲུང་སྐྱོབ་བྱེད་པ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རྨང་གཞིའི་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

བསམ་འཆར་ལས་བསྟན་དོན། སྤུས་ལེགས་སྲུང་སྐྱོབ་དང་གཅིག་བསྡུས་བཀོལ་སྤྱོད། ཚོང་རའི་བཀོད་སྒྲིག་དང་སྲིད་གཞུང་གི་ལྟ་རྟོག དངོས་དབང་ཁྲིམས་མཐུན། འདྲ་མཉམ་སྲུང་སྐྱོབ། ཁྲིམས་ལྟར་བཅོས་སྒྱུར། ཐོག་མའི་ཚོད་ལྟ་བཅས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་བར་དུ་དབང་ཆ་དང་འགན་འཁྲི་གཏན་འཁེལ་གསལ་བོ་ཡིན་པ་དང་སྲུང་སྐྱོབ་ནན་མོ་བྱེད་པ། འཁོར་རྒྱུག་རྒྱུན་ལྡན་ཡིན་པ། ལྟ་སྐུལ་དོ་དམ་ལ་ཕན་འབྲས་ལྡན་པའི་རང་བྱུང་ཐོན་ཁུངས་མ་རྩའི་ཐོན་དབང་ལམ་ལུགས་ཕལ་ཆེར་ཆགས་པར་བྱེད་པ་དང་། རང་བྱུང་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་ཕན་འབྲས་དང་སྲུང་སྐྱོབ་ཤུགས་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་ནས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཐོན་ཁུངས་བདེ་འཇགས་འགན་སྲུང་བྱེད་པ། མི་དང་རང་བྱུང་འཆམ་མཐུན་དང་འཕེལ་རྒྱས་སུ་འགྲོ་བའི་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་རྣམ་པ་གསར་བ་ཆགས་པར་ནུས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།