ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཁི་ལོ་ཏེ་ཡའི་ཙུང་ལི་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་གྲོས་མོལ་མཇུག་བསྡུས་རྗེས། ལིས་ཁི་ཆང་དང་མགྲོན་བདག་རྒྱལ་ཁབ་ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་གདེང་འཇོག་མཐོན་པོ་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཐའ་གཅིག་ཏུ་ཐེངས་འདིའི་གྲོས་མོལ་ཐད་ནས་ཕན་མཐོ་དངོས་གཉེར་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཟེར། གྲོས་མོལ་སྟེང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ཏུའུ་པུའུ་ལོ་ཧྥུའུ་ཉི་ཁི་རྩ་གནད་ལ་གྲོས་འཆམ་བཀོད་དེ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་གྱི་མ་འོངས་པའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོ་བསྟན། ཕྱོགས་སོ་སོས་ཞི་ལ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་གྱུར་བར་དགའ་བསུ་བྱེད་ཀྱིན་ཡོད་པ་དང་། དེས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་གྱི་སྐྱེ་སྟོབས་དང་གསོན་ཤུགས་མཚོན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།