ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་སྐབས་དགུ་བ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཏུའུ་པུའུ་ལོ་ཧྥུའུ་ཉི་ཁི་ནས་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་བཅུ་དྲུག་གི་འགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་སྐབས་དགུ་བ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་ཐོག་མར་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གནས་བབ་མཚམས་སྦྱོར་བྱས། ཁོང་གིས་གསུངས་རྒྱུར། ང་ཚོས་གཙོ་བོ་ཚོང་རའི་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། གསར་སྐྲུན་འདེད་སྐུལ་ལག་བསྟར་བྱས་ཏེ་སྒུལ་ནུས་གསར་བ་དར་རྒྱས་སུ་གཏོང་དགོས་ལ། ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་བྱེད་པར་ཆ་རྐྱེན་གསར་སྐྲུན་བྱེད་དགོས་ཟེར།

ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལིན་ཁི་ཝེ་ཅི་ཡིས་བཤད་རྒྱུར། ན་ནིང་ཀྲུང་གོས་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་བསྡུས་པ་དེས་རྒྱལ་ཁབ་སོ་སོར་གོ་སྐབས་གསར་བ་བསྐྲུན། འདས་པའི་ལོ་འགའི་ནང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་ཀྲུང་གོར་ནང་འདྲེན་བྱས་ཚད་ལྡབ་ལྔ་ཙམ་འཕར་བ་དང་། ཕེ་ལེ་ཧྲ་ཚིས་ཟབ་ཆེན་ལས་གཞི་ནི་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོས་མཉམ་ལས་བྱས་པའི་དཔེ་སྟོན་ས་ཡིན། ཁེ་ལོ་ཏེ་ཡ་ཕྱོགས་ཀྱིས་མཉམ་སྦྲེལ་མཉམ་མཐུད་དང་ཡོ་རོབ་གླིང་དང་ཀྲུང་གོའི་ཉོ་ཚོང་འགྲོ་འོང་སྔར་ལས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་སྲིད་གཞུང་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་སྟོང་གཅིག་ལྷག་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།