ཀྲུང་གོ་བོད་ཀྱི་དྲ་བ།

《སྲིད་འཛིན་ཁྲིམས་སྲོལ་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》ཁྱབ་བསྒྲགས་གནང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས《སྲིད་འཛིན་ཁྲིམས་སྲོལ་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་གནང་ཞིང་། ཁྱབ་བསྒྲགས་གནང་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《གཏན་འབེབས》ནང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུའི་སྒྱུར་བཅོས་ལེགས་གཏོང་བཅས་ལ་ཁྲིམས་བཞིན་སྐུལ་འདེད་གཏོང་བ་དང“དྲ་སྦྲེལ+སྲིད་དོན་ཞབས་ཞུ”དང་། སྲིད་དོན་ཞབས་ཞུའི“དྲ་གཅིག་ཀུན་སྒྲུབ”ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་དོན་ཞབས་ཞུའི“དྲ་གཅིག་ཀུན་སྒྲུབ”དང་མི་འཚམ་པའི་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་གཙང་བཤེར་བྱ་རྒྱུ་དང་པུའུ་6གི་སྲིད་འཛིན་ཁྲིམས་སྲོལ་གྱི་དོན་ཚན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུ་ཡིན་ལུགས་བཏོན་ཡོད། 《གཏན་འབེབས》ཀྱི་ནང་དོན་གཙོ་བོ་གཤམ་གསལ་ཏེ།

སྤྱི་ཚོགས་འགན་བཅོལ་གྱི་ཐོ་འགོད་འགྲོ་ལུགས་ལེགས་སུ་གཏོང་བའི་ཐད། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་བསྡུ་ལེན་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་གི་དོན་ཚན་བརྒྱད་པར་བཟོ་བཅོས་རྒྱག་པ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཐོ་འགོད་འགྲོ་ལུགས་སྟབས་བདེ་རུ་གཏོང་བ། སྒྲུབ་གཉེར་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཏེ་དྲ་ཐོག་ནས་སྤྱི་ཚོགས་འགན་བཅོལ་ཐོ་འགོད་བྱ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག “ལག་ཁྱེར་ལྔ་གཅིག་སྒྲིལ་དང་། ཨང་རྟགས་ལོགས་འགོད”ཀྱི་ཐོ་འགོད་ལམ་ལུགས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། སྲོལ་ཡིག་དེའི་དོན་ཚན་བརྒྱད་པའི་སྤྱི་ཚོགས་འགན་བཅོལ་ཐོ་འགོད་གསབ་གཉེར་གྱི་འབྲེལ་ཡོད་ནང་དོན་བསུབས་ཡོད།

འགྱུར་མེད་རྒྱུ་ནོར་ཐོ་འགོད་དང་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱི་ཐོ་འགོད་སྙན་སེང་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་འགྲོ་ལམ་སྔོག་པའི་ཞིབ་མཆན་དང་དེ་བཞིན་ལས་བཟོར་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་རྩིས་ཐོ་གཉེར་རྒྱུ་སོགས་ཀྱི་འགྲོ་ལུགས་ཐད་འགྱུར་མེད་རྒྱུ་ནོར་ཐོ་འགོད་གནས་སྐབས་ལག་བསྟར་སྲོལ་ཡིག་གི་དོན་ཚན་བཅོ་ལྔ་པ་དང་། གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་གསར་སྤེལ་གཉེར་སྐྱོང་དོ་དམ་སྲོལ་ཡིག་གི་དོན་ཚན་བརྒྱད་པ། གྲོང་ཁྱེར་འགྲོ་ལམ་དོ་དམ་སྲོལ་ཡིག་གི་དོན་ཚན་སོ་གསུམ་པ་དང་དེ་བཞིན་སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག་གི་དོན་ཚན་བཅུ་གསུམ་པ་དང་། བཅུ་བཞི་པ། བཅོ་ལྔ་པ་བཅས་ཀྱི་ནང་སྒྲུབ་གཉེར་ལ་མཁོ་བའི་ས་གནས་ས་ཐོག་ཏུ་གཉེར་རྒྱུའི་བྱ་བའམ་ཡང་ན་ཡིག་ཐོག་དཔྱད་གཞི་འབུལ་རྒྱུ་སོགས་ཀྱི་ནང་དོན་ལ་བཟོ་བཅོས་བརྒྱབ་ཡོད། 2013ལོར་བཟོ་བཅོས་བརྒྱབ་པའི་ཀུང་སིའི་བཅའ་ཁྲིམས་ནང་ཐོ་འགོད་མ་རྩ་འཇལ་བའི་ལམ་ལུགས་ལག་བསྟར་བྱས་པ་དང་། གསར་དུ་བཙུགས་པའི་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ས་ཁང་བདག་ཁོངས་གསར་སྤེལ་གཙོ་གཉེར་དོ་དམ་སྡེ་ཚན་དུ་ཐོ་འགོད་སྙན་སེང་ཞུ་བར་སྐྱོད་སྐབས་མ་དངུལ་ཞིབ་བཤེར་གྱི་དཔང་ཡིག་མི་དགོས་པར་བརྟེན། གྲོང་ཁྱེར་ས་ཁང་བདག་ཁོངས་གསར་སྤེལ་གཉེར་སྐྱོང་དོ་དམ་སྲོལ་ཡིག་གི་དོན་ཚན་བརྒྱད་པའི་ནང་གསེས་གསུམ་པ་བསུབས་ཡོད།

དྲ་ཐོག་ནས་དྲ་རྒྱའི་རིག་གནས་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་གཉེར་རྒྱུར་སྐུལ་འདེད་གཏོང་བའི་ཐད། དྲ་སྦྲེལ་གྱི་དྲ་ཞུགས་ཞབས་ཞུའི་ལས་གཉེར་ཁང་གི་དོ་དམ་སྲོལ་ཡིག་གི་དོན་ཚན་བཅུ་གཅིག་པར་བཟོ་བཅོས་བརྒྱབ་ནས《དྲ་རྒྱའི་རིག་གནས་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར》གཉེར་བའི་བརྒྱུད་རིམ་ཁྲོད་རེ་ཞུ་བྱེད་མཁན་གྱིས་འབྲེལ་ཡོད་ཡིག་ཆ་ཁྱེར་ནས་ས་གནས་ས་ཐོག་ཏུ་གཉེར་བར་བསྐྱོད་རྒྱུའི་གཏན་འབེབས་བསུབས་ཏེ་དྲ་ཐོག་ནས་འབྲེལ་ཡོད་ཞིབ་མཆན་གཉེར་བའི་ཐད་བཅའ་ཁྲིམས་ཀྱི་འགོག་རྐྱེན་མི་ཕོག་པ་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།