ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་གཅིག་པར་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ4བའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུ་རུ་སེར་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་སྤྱི་ཁྱབ་པུའུ་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་གཉིས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་གཅིག་པར་འགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུ་རུ་སེར་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་སྤྱི་ཁྱབ་པུའུ་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་གཉིས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་གཅིག་པར་འགོ་འཛིན་མཛད།

ཕྱོགས་གཉིས་ཀ་མུ་མཐུད་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་ཡོ་རོབ་གླིང་མནའ་འབྲེལ་དང་ཨེ་ཤ་ཡའི་མཉམ་སྦྲེལ་མཉམ་མཐུད་འཐབ་ཇུས་དང་འབྲེལ་མཐུད་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་སྦྲེལ་མཉམ་མཐུད་ཀྱི་སྟེགས་བུའི་སྤྱི་ཁོག་ནང་དུ་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་། ཨེ་ཤ་ཡ་དང་ཡོ་རོབ་གླིང་མཉམ་སྦྲེལ་མཉམ་མཐུད་ཀྱི་རྒྱུན་མཐུད་རང་བཞིན་དང་རྒྱུན་འཁྱོངས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ།  ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་པ་ལིའི་གྲོས་མཐུན་དངོས་འབེབས་བཟང་བོ་བྱེད་རྒྱུ།  ཕྱོགས་གཉིས་ཀྱིས་གྲོས་མོལ་བརྒྱུད་དེ་གནས་པའི་གནད་དོན་སྣ་ཚོགས་ཞི་བའི་སྒོ་ནས་ཐག་གཅོད་པ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་མཉམ་དུ་སྐྲུལ་འདེད་གཏོང་རྒྱུ་བཅས་ལ་འཐད་པ་བྱུང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཅང་མ་འགོར་བའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་མཛད་དེ་ཀྲུང་གོ་དང་ཡོ་རོབ་གླིང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གསོན་ཤུགས་གསར་བ་བསྣན། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཡོ་རོབ་གླིང་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱིས་བདམས་པའི་གཞི་གཅིག་ཅན་གྱི་བགྲོད་ལམ་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་གཉིས་ཕན་མཉམ་རྒྱལ་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བརྩོན་ལེན་བྱེད་འདོད་ཡོད། སྒོ་འབྱེད་པའི་ཀྲུང་གོ་དང་ཡོ་རོབ་གླིང་གིས་ཕན་ཚུན་ལ་གོ་སྐབས་གསར་སྐྲུན་བྱེད་པ་དང་མཉམ་ལས་ཀྱི་ཀྲུང་གོ་དང་ཡོ་རོབ་གླིང་གིས་འཛམ་གླིང་ལ་དར་རྒྱས་སྐྲུན་དགོས། ང་ཚོས་ཡོ་རོབ་གླིང་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།