ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་དང་གནས་སྐོར་པུའུ་ཡིས་གནས་སྐོར་བདེ་འཇགས་ཐད་ཀྱི་ཉེན་ཁར་ཞིབ་བཤེར་བཅོས་སྐྱོང་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་གསུམ་ཉིན། གསར་འགོད་པས་རིག་གནས་དང་གནས་སྐོར་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། གནས་སྐོར་བདེ་འཇགས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་ནུས་ལྡན་སྒོས་རྒྱ་ཆེའི་གནས་སྐོར་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་ཆེད། རིག་གནས་དང་གནས་སྐོར་པུའུ་ཡིས་ཉེ་ལམ་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོས་ས་ཁུལ་རང་གི་དོན་དངོས་དང་ཟུང་སྦྲེལ་བྱས་ནས་གནས་སྐོར་བདེ་འཇགས་ཐད་ཀྱི་ཉེན་ཁ་སེལ་ཞིང་ཞིབ་བཤེར་བྱེད་པ་དང་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཞིབ་བཤེར་བཅོས་སྐྱོང་བྱེད་པའི་ནང་དོན་གཙོ་བོ་ནི་གནས་སྐོར་རླངས་འཁོར་གྱི་དོ་དམ་ལ་ཤུགས་སྣོན་པ་དང་ཆུ་འགོག་གནོད་སེལ་གྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། མེ་སྐྱོན་འགོག་སེལ་བྱ་བ་དམ་འཛིན་བྱེད་པ། ཟས་རིགས་འཕྲོད་བསྟེན་བདེ་འཇགས་དོན་རྐྱེན་གཏན་འགོག་བྱེད་པ། ལྗོངས་རྒྱུ་ས་ཁུལ་དང་དེའི་མཐའ་འཁོར་གྱི་འགྲུལ་བ་ཚོད་འཛིན་བྱེད་པར་ཤུགས་སྣོན་པ།  ཕྱི་རྒྱལ་དུ་འགྲོ་བའི་གནས་སྐོར་བའི་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བ་བཟང་བོར་བསྒྲུབ་རྒྱུ་སོགས་རེད།

རིག་གནས་དང་གནས་སྐོར་པུའུ་ཡིས་སྤྱི་བདེ་དང་འགྲིམ་འགྲུལ། འཕྲོད་བསྟེན། གནམ་གཤིས་སོགས་ལས་ཁུངས་དང་འབྲེལ་འདྲིས་རོགས་ལས་བྱེད་པར་ཤུགས་བསྣན་ཏེ། བདེ་འཇགས་ཉེན་སེལ་བྱ་བ་བཟང་བོར་བསྒྲུབ་པ་དང་བརྙན་འཕྲིན་དང་དྲ་རྒྱ། རྒྱང་སྒྲོག་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས།  གནམ་གཤིས་སྔོན་བརྡ་དང་ལྗོངས་རྒྱུ་ས་ཁུལ་གྱི་གནས་ཚུལ་སོགས་དུས་ཐོག་ཏུ་ཁྱབ་སྒྲོག་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།