ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་པེ་ཅིང་འཛམ་གླིང་སྐྱེ་ཚལ་དངོས་མང་སྟོན་ཚོགས་སུ་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་སྒྲིག་འཛུགས་110ཙམ་དང་། གཞུང་ཕྱོགས་མིན་པའི་འགྲེམས་སྟོན་ནང་ཞུགས་མཁན་120ལྷག་ཡོད་པས། འཛམ་གླིང་སྐྱེ་ཚལ་དངོས་མང་སྟོན་ཚོགས་ཀྱི་འགྲེམས་སྟོན་ནང་ཞུགས་མཁན་ཕྱོགས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གཏོད་རྒྱུ་ཡིན་པ་རེད།
པེ་ཅིང་འཛམ་གླིང་སྐྱེ་ཚལ་དངོས་མང་སྟོན་ཚོགས་ཅུད་ཀྱི་འགྲེམས་སྟོན་ཡིད་འགུག་ཚན་པ་དང་པོའི་པུའུ་ཀྲང་ཅའོ་ཡུས་ཐུང་གིས། པེ་ཅིང་འཛམ་གླིང་སྐྱེ་ཚལ་དངོས་མང་སྟོན་ཚོགས་ནི་རྒྱལ་སྤྱིའི་ཐེ་ཞུགས་མཁན་མང་ཤོས་ཀྱི་ཀ་པ་གཅིག་རིམ་པའི་འཛམ་གླིང་སྐྱེ་ཚལ་དངོས་མང་སྟོན་ཚོགས་ཞིག་ཡིན། ང་ཚོས་རྒྱལ་ཁབ་ཁག་གིས་པེ་ཅིང་གྱི་འཛམ་གླིང་སྐྱེ་ཚལ་དངོས་མང་སྟོན་ཚོགས་ཀྱི་འདུ་ཤེས་ལ་ཁས་ལེན་བྱས་པ་ཚོར་ཐུབ་ཀྱི་འདུག་ཅེས་བསྟན་ཡོད་པ་རེད། །