ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བཟུང་སྟེ་ཤུགས་ཆེན་པོས་དར་ཤུད་ལུས་རྩལ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བཟུང་སྟེ་ཤུགས་ཆེན་པོས་དར་ཤུད་ལུས་རྩལ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ནི་རང་རྒྱལ་གྱི་ལོ་རྒྱུས་དུས་སྐབས་གལ་ཆེན་དུ་བསྡུ་བའི་མཚོན་བྱེད་རང་བཞིན་གྱི་བྱ་འགུལ་གཙོ་བོ་ཞིག་ཡིན། དགུན་ཁའི་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་བསྒྲུབ་རྒྱུ་དེ་དར་ཤུད་ལུས་རྩལ་འཕེལ་རྒྱས་དང་འབྲལ་ཐབས་མེད། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་ཤུགས་ཆེན་པོས་དར་ཤུད་ལུས་རྩལ་འཕེལ་རྒྱས་སུ་གཏོང་ན། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་ཆགས་པར་བྱེད་དགོས་ལ། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་གྲ་སྒྲིག་ལས་འགན་གཏན་འཁེལ་གསལ་བོ་བྱེད་དགོས་པར་མ་ཟད། དར་ཤུད་ལུས་རྩལ་ཁྱབ་གདལ་དུ་གཏོང་བ་དང་དར་ཤུད་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཆ་རྐྱེན་འགན་སྲུང་དངོས་འབེབས་བྱས་ནས། ཧུར་ཐག་སྒོས་རང་རྒྱལ་གྱི་དར་ཤུད་ལུས་རྩལ་ཚད་བརྒལ་རང་བཞིན་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས།

བསམ་འཆར་ལས་ད་དུང་སྟོབས་ཤུགས་ཡོད་དགུ་བཏོན་ནས་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། ཤུགས་ཆེན་པོས་མང་ཚོགས་རང་བཞིན་གྱི་དར་ཤུད་ལུས་རྩལ་ཁྱབ་གདལ་དུ་གཏོང་དགོས་ལ། ན་གཞོན་ལོ་ཆུང་གི་དར་ཤུད་ལུས་རྩལ་རྒྱ་ཆེར་སྤེལ་ཞིང་དར་ཤུད་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། རྩ་འཛུགས་ལག་བསྟར་ལ་ཤུགས་སྣོན་པ་སོགས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།