ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ལས་རིགས་སོ་སོས་ཀྲུའུ་ཞིའི་མིང་བཀོད་རྩོམ་ཡིག་ལ་གྲོས་སྡུར་བྱས།

    སྤེལ་དུས། : 2019-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཧྥེ་ཅཱ་ལུའོ་ཚགས་པར་སྟེང་བཀོད་པའི་མིང་བཀོད་རྩོམ་ཡིག་ལ་ཧྥ་རན་སིའི་ལས་རིགས་སོ་སོས་གྲོས་སྡུར་བྱས།

ཧྥ་རན་སིའི་ལས་རིགས་སོ་སོའི་མི་སྣས་ཞི་ཅིན་ཕིང་གི་མིང་བཀོད་རྩོམ་ཡིག་ནང་བཏོན་པའི་སྒོ་འབྱེད་མཉམ་རྒྱལ་དང་བཟོད་སྒོམ་དཔེ་ལྟ། འགན་ཁུར་ཕྲག་ལེན་སོགས་ཀྱི་འདུ་ཤེས་ལ་ཧ་ཅང་འཐད་པ་ཡིན་པ་དང་། རྩོམ་ཡིག་ནང་ཧྥ་རན་སི་ལ་བཅངས་པའི་མཛའ་བརྩེ་ཟབ་མོ་མཚོན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་མང་པོའི་མཉམ་ལས་སྐུལ་འདེད་གཏོང་ཐུབ་པ་ཁོ་ཐག་ཡིན་པའི་ཚུལ་བསྟན།

པཱ་ལིས་ཞི་བདེ་གླེང་སྟེགས་ཀྱི་ཀྲུའུ་ཞི། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྔོན་ཆད་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལཱ་མིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་ནང་ནན་སྟོན་བྱས་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ལྟ་ཚུལ་ལ་ཧ་ཅང་འཐད་པ་ཡིན་པའི་ཚུལ་བསྟན། ཁོས་ད་ལྟའི་འཛམ་གླིང་གནད་དོན་དང་འགྲན་རྩོད་སྣ་ཚོགས་ལ་ཐུག་ཡོད་པ་དང་། མིའི་རིགས་སྤྱི་ཚོགས་ཀྱིས་ངེས་པར་མཐུན་སྒྲིལ་བྱེད་པ་དང་ཡང་བསྐྱར་རེ་བ་ཆེན་པོ་བཅངས་ཏེ། དཔེར་ན་ནམ་ཟླ་དང་ཁོར་ཡུག་གནད་དོན་དམིགས་སུ་བཟུང་དགོས་ལ།  དེའི་ཕྱོགས་ནས་ཀྲུང་གོས་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།