ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཞི་ཞི་ལིས་རང་སྐྱོང་ས་ཁུལ་ཆེན་མོའི་ཀྲུའུ་ཞི་མུའུ་སུའུ་མེ་ཆི་ལ་མཇལ་འཕྲད་གནང་།

    སྤེལ་དུས། : 2019-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལེ་མའོ་གྲོང་ཁྱེར་ནས་དབྱི་ཐ་ལིའི་ཞི་ཞི་ལིས་རང་སྐྱོང་ས་ཁུལ་ཆེན་མོའི་ཀྲུའུ་ཞི་མུའུ་སུའུ་མེ་ཆི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་འབྲེལ་ཡོད་ཞི་ཞི་ལིས་ཀྱི་ལོ་རྒྱུས་དང་མི་གཞུང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་དང་དེ་མིན་ཞི་ཞི་ལིས་ས་ཁུལ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་འབྲེལ་འདྲིས་དང་བརྗེ་རེས་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན། ཁོང་གིས་གསུངས་རྒྱུར། ཞི་ཞི་ལིས་ས་ཁུལ་གྱི་ལོ་རྒྱུས་རིག་གནས་གཏིང་ཟབ་ཅིང་དངོས་ཐོན་ཕུན་སུམ་ཚོགས་པ་ཡོད་པས། ཞི་ཞི་ལིས་ཀྱིས་རང་སྟེང་གི་ཐོན་ཁུངས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་ཀྲུང་གོ་དང་མཉམ་ལས་བཟང་བོ་བྱེད་དགོས། བདག་གིས་ད་ཐེངས་དབྱི་ཐ་ལི་ལ་འཚམས་འདྲི་བྱེད་སྐབས། ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་གཉིས་ཀྱིས་འབྲེལ་ཡོད་ཞི་ཞི་ལིས་ཀྱི་སྤུས་ལེགས་ཞིང་ཐོན་དངོས་རྫས་ཐད་ནས་གྲོས་མཐུན་བཀོད་པས། ཞི་ཞི་ལིས་རང་སྐྱོང་ས་ཁུལ་ཆེན་མོས་ཀྲུང་གོར་ཞིང་ཐོན་དངོས་རྫས་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུ་བ་ཡིན། ཀྲུང་གོས་ཞི་ཞི་ལིས་དང་མཉམ་དུ་དངུལ་གཏོང་དང་གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

མུའུ་སུའུ་མེ་ཆི་ཡིས་བཤད་རྒྱུར། ཞི་ཞི་ལིས་དང་ཀྲུང་གོའི་བར་དུ་འབྲེལ་འདྲིས་འགྲོ་འོང་གི་རྣམ་པ་བཟང་བོ་ཆགས་ཡོད་པ་དང་སྔོན་ཆད་གནའ་བོའི་དར་གོས་ཚོང་ལམ་སྟེང་གི་ཁག་ཅིག་ཡིན་པ་དང་། ཞི་ཞི་ལིས་མི་དམངས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་བཟང་བོ་ཡིན། ཞི་ཞི་ལིས་ནི་ཏིས་ཀྲུང་མཚོ་ཐོག་གི་གླིང་ཕྲན་ཞིག་ཡིན་པའི་ཆ་ནས་གཞན་དང་མི་འདྲ་བའི་འཕེལ་རྒྱས་ཁྱད་སྟོབས་ལྡན། ཞི་ཞི་ལིས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞིང་ལས་གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ས་ཚིགས་གལ་ཆེན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཕིན་ལིས་ཡོན་དང་ཏེན་ཞའོ་ཞང་། དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།