ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེ་དང་ཙམ་པབ་ཝེ། མ་ལ་ཝེ་བཅས་ལ་ཚ་ཁུལ་གྱི་དྲག་རླུང་ཆེན་པོའི་གནོད་འཚེ་ཐེབས་པའི་ཐད་ནས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་མོ་ཙམ་པི་ཁེ་ཡི་ཙུང་ཐུང་ཉིའུ་ཞི་དང་ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅཱ་གུའུ་ཝ། མ་ལ་ཝེ་ཡི་ཙུང་ཐུང་མུའུ་ལཱ་ལིས་ཁི་བཅས་ལ་གློག་འཕྲིན་བཏང་སྟེ། མོ་ཙམ་པི་ཁེ་དང་ཙམ་པབ་ཝེ། མ་ལ་ཝེ་བཅས་རྒྱལ་ཁབ་གསུམ་ལ་ཚ་ཁུལ་གྱི་དྲག་རླུང་ཆེན་པོའི་གནོད་འཚེ་ཐེབས་པའི་ཐད་ནས་འཚམས་འདྲི་བྱས།

ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཚ་ཁུལ་གྱི་དྲག་རླུང་ཆེན་པོ་དབྱེ་ཏེ་ཡིས་མོ་ཙམ་པི་ཁེ་དང་ཙམ་པབ་ཝེ། མ་ལ་ཝེ་བཅས་སུ་མི་སྣར་འཆི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་བཟོས་པ་དང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པ་མ་ཟད། ང་རང་ཉིད་ཀྱི་མིང་སྟེང་ནས། རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོར་མྱ་ངན་ཞུས་པ་ཡིན་ལ། རྐྱེན་ལམ་དུ་ཤོར་བའི་འདས་པོ་དང་གར་སོང་མ་རྙེད་པའི་མི་ཡི་ཁྱིམ་མི། རྨས་ཕོག་མཁན་དང་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་འཚམས་འདྲི་ཞུས་པ་ཡིན། རྒྱལ་ཁབ་གསུམ་གྱི་མི་དམངས་ལ་གནོད་འཚེ་ཐེབས་པའི་མྱོང་ཚོར་ལ་ཀྲུང་གོས་རྒྱུས་ལོན་བྱེད་ཐུབ། རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག རྒྱལ་ཁབ་གསུམ་གྱི་མི་དམངས་ཀྱིས་གནོད་འཚེ་ཁྱད་དུ་བསད་དེ། སྔ་མོ་ནས་ཁྱིམ་གཞི་བསྐྱར་འཛུགས་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།