ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་པེ་ཅིན་དང་ཁ་བྲལ་ནས་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་དང་མོ་ན་ཁོ་རྒྱལ་ཁབ། ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་བཅས་ལ་རྒྱལ་དོན་འཚམས་འདྲིར་ཕེབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124266654_15532020507671n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བསྡད་དེ་པེ་ཅིན་དང་ཁ་བྲལ་ནས། དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཐ་ལེ་ལ་དང་མོ་ན་ཁོ་རྒྱལ་ཁབ་ཀྱི་གཙོ་འཛིན་ཨ་ཨེར་པེ་སྐུ་ཕྲེང་གཉིས་པ། ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁི་ལུང་བཅས་ཀྱི་གདན་ཞུ་ལྟར། གོང་གི་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲིར་ཕེབས།

ཞི་ཅིན་ཕིང་དང་མཉམ་དུ་འཚམས་འདྲིར་ཞུགས་པའི་མི་སྣ་ད་དུང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏིང་ཞུའེ་ཝང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥུན་སོགས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།