ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་ཝང་དབྱང་ལོ་ཝོ་རྒྱལ་འཛུགས་འཐབ་ཕྱོགས་ཀྱི་ཀྲུང་དབྱང་ཀྲུའུ་ཞི་སེ་སུང་ཕིན་དང་མཉམ་དུ་ཐུགས་འཕྲད་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1553041821550345.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་ཝང་དབྱང་ཚེས19ཉིན་པེ་ཅིན་ནས་ལོ་ཝོ་རྒྱལ་འཛུགས་འཐབ་ཕྱོགས་ཀྱི་ཀྲུང་དབྱང་ཀྲུའུ་ཞི་སེ་སུང་ཕིན་དང་མཉམ་དུ་ཐུགས་འཕྲད་གྲོས་མོལ་ལ་ཞུགས།

ཝང་དབྱང་གིས་བཤད་རྒྱུར། ཉེ་ལམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོ་འགོ་ཁྲིད་པས་ཕན་ཚུན་ལོ་རྒྱུས་རང་བཞིན་གྱི་འཚམ་འདྲི་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་པའི་ཚོགས་སྤྱིར་གཅིག་གྱུར་ངོས་ཟིན་བྱུང་པ་དང་། དུས་སྐབས་གསར་བའི་ཕྱོགས་གཉིས་ཀྱི་འཕེལ་རྒྱས་ཁ་ཕྱོགས་གསལ་སྟོན་བྱས། ད་ལོ་ནི་ཀྲུང་གོ་དང་ལོ་ཝའོ་གཉིས་ཀྱི་བར་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་འགོར་པའི་ལོ་རེད་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་མེད་སྐས་རིམ་གསར་བ་ཞིག་ཏུ་སླེབས་པའི་དུས་རིམ་གལ་ཆེན་ཞིག་རེད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་ཝའོ་རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོ་འགོ་ཁྲིད་པའི་ངོས་འཛིན་གལ་ཆེན་དངོས་འབེབ་བྱེད་འདོད་ཡོད་ལ། སྲིད་ཞུགས་སྲིད་གླེང་གི་ཉམས་མྱོང་བརྗེ་རེས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་པའི་ཚོགས་སྤྱིའི་འདོད་བློའི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

སེ་སུང་ཕིན་གྱིས་རྒྱལ་ཁབ་གཉིས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་རྩུ་འཛུགས་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། བདེ་ཐང་དང་བརྟན་འཇགས། འཕེལ་རྒྱས་བཅས་ཀྱི་འཐབ་ཇུས་མཉམ་ལས་ཤིག་དུས་ཡུན་རིང་བོར་སྤེལ་འདོད་ཚུལ་གྱི་རྣམ་འགྱུར་བསྟན།

ཚོགས་འདུ་གྲོལ་རྗེས། ཝང་དབྱང་དང་སེ་སུང་ཕིན་གྱིས་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་དང་ལོ་ཝོ་རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ཚོགས་པས་མཉམ་དུ་མཉམ་ལས་གྲོས་མཐུན་གྱི་མཆན་བཀོལ་མིང་རྟགས་བཀོད།

ཞ་པོ་ལུང་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།